མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་བརྗོད་དོན་སློབ་གསོ་ཟབ་མོར་སྤེལ།
2023.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 75

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཁྲོད། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ལས་འགན་ཁ་གསལ་གྱི་བྱ་བའི་རྐྱེན་སྲོལ་དང་ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་རྐྱེན་སྲོལ། གནད་ཁེལ་གྱི་རྟོག་ཞིབ་རྐྱེན་སྲོལ། གནད་ལ་འཁེལ་བའི་བཅོས་སྒྱུར་རྐྱེན་སྲོལ་བཅས་ཆ་ཚང་བར་བཙུགས་ནས་བརྗོད་དོན་སློབ་གསོ་མགོ་རྩོམ་ས་མཐོན་པོ་དང་ཚད་གཞི་མཐོན་པོ། སྤུས་ཚད་མཐོན་པོ་བཅས་ཀྱི་སྒོ་ནས་སྤེལ་བར་འགན་སྲུང་བྱས།

ལས་འགན་ཁ་གསལ་གྱི་བྱ་བའི་རྐྱེན་སྲོལ་ཆ་ཚང་བཙུགས་པ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཕན་འབྲས་མཐོ་བའི་ངང་སྐུལ་འདེད་དང་གཅིག་འདོམས་མཐུན་སྦྱོར། སྐུལ་འདེད་ནུས་ལྡན་གཏོང་བ། ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོ་བ། བྱ་བའི་ལས་འགན་དབྱེ་ཕྲལ་བྱེད་པ། ལས་འགན་གཙོ་བོ་ཁ་གསལ་བཟོ་བ་སོགས་ལ་དམིགས་པ་དང་། ལས་འགན་ལ་སྐུལ་འདེད་གཏོང་བ་དང་དུས་ལྟར་བཀོད་གཏོང་བྱེད་པ། ལྟ་སྐུལ་འཛུབ་སྟོན་བྱེད་པའི་བྱ་བའི་རྐྱེན་སྲོལ་མྱུར་མོར་བཙུགས་ཏེ། འགན་འཁྲིའི་ལམ་ལུགས་ནན་མོ་དོན་འཁྱོལ་བྱེད་པ་དང་ཕན་འབྲས་ལ་སྐུལ་འདེད་བཏང་ནས་མགོ་ཁྲིད་ཚན་ཆུང་གི་འགན་འཁྲི་སྒྲིག་སྲོལ་ཅན་དང་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ལས་གནས་འགན་འཁྲི་བྲེ་བྲག་ཅན། ཐིན་ཡོངས་ཀྱི་ཁྲུའུ་སོ་སོའི་ལས་ཁུངས་ཀྱི་འགན་འཁྲིའི་སྦྲེལ་ཐག་ལ་ལྷོད་ཡངས་མེད་པར་བྱས་ནས་བརྗོད་དོན་སློབ་གསོའི་གཏན་ཁེལ་ལས་དོན་དང་རང་འདེམ་ལས་དོན་ལེགས་པར་བསྒྲུབས།

ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་རྐྱེན་སྲོལ་བཙུགས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཏང་ཙུའུ་གྲོས་ཚོགས་ཀྱི་གྲོས་གཞི་དང་པོ་དང་ལས་བྱེད་པའི་གསོ་སྦྱོང་གི་ཆེད་དོན་དང་པོ། ཏང་ཀྲི་པུའུ་ཡི་བརྗོད་དོན་ཏང་གི་ཉིན་མོའི་བརྗོད་དོན་དང་པོ། དྲིལ་སྒྲོག་སྒྲོག་འགྲེལ་གྱི་ནང་དོན་དང་པོ། བརྟག་དཔྱད་ཞིབ་འཇུག་གི་དཔྱད་གཞི་དང་པོ། གཞུང་ལུགས་བགྲོ་གླེང་གི་འདྲི་གཞི་དང་པོ་བཅས་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གཞུང་ལུགས་སློབ་སྦྱོང་གི་ཇུས་གཞི་གཏན་ཁེལ་བྱེད་པ། བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བཙུགས་ནས་སློབ་ཁྲིད་གཙོ་བོ་དང་ཉིན་རྒྱུན་གྱི་སློབ་ཁྲིད། ཆེད་དོན་སློབ་ཁྲིད། དམར་པོའི་སློབ་ཁྲིད་བཅས་བཀོད་སྒྲིག་བྱས་ནས་གཞུང་ལུགས་རྩོམ་སྡུད་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་སྦྱོང་གི་རྐྱེན་སྲོལ་བཟང་བོ་གྲུབ་པར་བྱས།

གནད་ཁེལ་གྱི་རྟོག་ཞིབ་རྐྱེན་སྲོལ་ཆ་ཚང་བཙུགས་པ། གཞི་རིམ་གྱི་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ཀྱི་རྒྱུན་བསྐྱངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བ་སོགས་ཀྱི་ཕྱོགས་ནས་བཅར་འདྲི་དང་རྟོག་ཞིབ་བྱེད་པ། གྲལ་བཤེར་བྱེད་པ། འགག་སྒྲོལ་བྱེད་པ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གོ་རིམ་དེ་གཞུང་ལུགས་སློབ་སྦྱོང་ནས་ལག་ལེན་གྱི་ཕྱོགས་སུ་ཤུགས་འདོན་པའི་གོ་རིམ་དུ་བསྒྱུར་ནས་དམངས་ལ་བློ་འདྲི་བ་དང་དམངས་ལ་ཞབས་འདེགས་ཞུ་བ་དོན་འཁྱོལ་བྱེད་པའི་གོ་རིམ་དུ་བསྒྱུར་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་མི་དང་རང་བྱུང་ཁམས་ཞི་བདེ་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བར་སྐུལ་འདེད་བཏང་།

གནད་ལ་འཁེལ་བའི་བཅོས་སྒྱུར་རྐྱེན་སྲོལ་ཆ་ཚང་བཙུགས་པ། ཉེ་བའི་ལོ་འགའི་རིང་གི་སྐོར་ཞིབ་དང་རྩིས་བཤེར་ལྟ་སྐུལ་འཛུབ་སྟོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་སྐུལ། གཞི་རིམ་ཏུ་རྟོག་ཞིབ་བྱེད་པ། ཆེད་དོན་ལྟ་བཤེར་ཁྲོད་ཤེས་རྟོགས་བྱུང་པའི་གནད་དོན་ལ་དམ་དུ་དམིགས་ཏེ། གནད་དོན་བཅོས་སྒྱུར་དང་སྐྱེ་ཁམས་ཁོར་ཡུག་གི་ལྟ་རྟོག་དང་དོ་དམ། ཁྲིམས་བསྟར་བྱེད་པའི་ཐད་ཀྱི་གནད་འགག་གནད་དོན་དང་ཟུང་འབྲེལ་བྱེད་པ། ཉེ་གམ་གྱི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྲེལ་དཀའི་གནད་དོན་ཐག་གཅོད་པ་དང་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཀྱིས་ཚུར་སྣང་བྱེད་པ་དང་གཞི་རིམ་གྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་དང་གཞི་རིམ་ལས་བྱེད་པའི་ཐོབ་ཚོར་དངོས་སུ་ཇེ་དྲག་ཏུ་བཏང་། 

མི་ཕམ་མགོན་པོས་བསྒྱུར།