མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཟབ་མོ་བྱེད་པར་བཞུགས་མོལ་བྱས།
2023.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ་ལྔ་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཟི་ལིང་ནས་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་སུང་ཀྲི་ཡུས་སོགས་ལ་ཐུག་འཕྲད་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་མགོ་ཁྲིད་གཙོ་བོའི་ཐུག་འཕྲད་ཀྱི་ནང་དོན་གལ་ཆེན་ལག་བསྟར་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཟབ་མོ་བྱེད་པར་བཞུགས་མོལ་ཚོགས་འདུ་བསྡུས།

ཚེ་རིང་ཐར་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་བྱ་བའི་རུ་ཁག་མཚོ་སྔོན་ལ་ཡོང་བར་དགའ་བསུ་ཞུས། ཁོས་བསྟན་དོན། ཕྱོགས་གཉིས་བར་དུ་དེང་རབས་ཆུ་དྲ་འཛུགས་སྐྲུན་དང་དག་གཙང་ནུས་ཁུངས་གསར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཕྱོགས་ནས་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་མགོ་ཁྲིད་གཙོ་བའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ཁྱོན་ཡོངས་ནས་དངོས་འབེབ་གང་ལེགས་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ལ་གཞིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྒྲོམ་གཞིའི་གྲོས་མཐུན་གྱི་འབྲེལ་ཡོད་ནང་དོན་འཐུས་ཚང་ཏུ་གཏོང་དགོས། ལས་གཞི་གལ་ཆེན་ལ་འཆར་གཞི་བཀོད་པ་དང་མཉམ་ལས་བྱ་བའི་ལས་དོན་ལ་གཏིང་ཟབ་སྒོས་ཞིབ་འཇུག་བྱེད་པ་དང་དགེ་མཚན་གསབ་པ། མཉམ་འབྲེལ་མཉམ་འཛུགས་མངོན་འགྱུར་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་འདོན་དགོས་ཟེར།

སུང་ཀྲི་ཡུས་ཀྱིས་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་བྱ་བར་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐུན་མིན་ལེགས་ཆ་འབུར་ཐོན་ཡིན་ཞིང་། ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ལ་ལག་རྩལ་དང་མ་དངུལ། འཇོན་ཐང་མི་སྣ་སོགས་ཕྱོགས་ནས་ལེགས་ཆ་མངོན་གསལ་ཡིན་པས། མཉམ་ལས་བསམ་ཕྱོགས་རྒྱུན་མཐུད་སྒོས་གཏིང་ཟབ་དང་ཇེ་ཞིབ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་འབྲེལ་ཡོད་མཉམ་ལས་བསམ་ཕྱོགས་སྔ་མོ་ནས་དངོས་འབེབ་བྱེད་དགོས་ཟེར།

                                                                                                           རིག་འཛིན་ཐར་གྱིས་བསྒྱུར།