སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
2023.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་ནས། སྐུ་ངོ་མས་མགོ་འཛིན་མཛད་དེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་དེ་གཞི་ཁྱོན་ཆེན་པོའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། པེ་ཅིང་གི་རྒྱལ་ས་ལས་འདས་པའི་ནུས་པ་གློད་བཀྲོལ་གཏོང་བའི་གནད་འགག་གི་དུས་རིམ་དུ་སླེབས་ཡོད་ཅིང་། བྱ་བའི་གཙོ་གནད་དེ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ཆུ་ཚད་མཐོ་བའི་དོ་དམ། སྤུས་ཚད་མཐོ་བའི་གསེད་བཀྲོལ་འཕེལ་རྒྱས་བཅས་ཀྱི་མཉམ་འཛིན་གྱི་ཕྱོགས་སུ་བསྒྱུར་ཡོད། ཡིད་ཆེས་བརྟན་གཏོང་དང་ངེས་ཤུགས་རྒྱུན་འཁྱོངས། ཏན་ཏན་ཏིག་ཏིག་གིས་ལས་ཀ་བྱེད་པ། ལེགས་སྒྲུབ་ཡོངས་འགྲུབ་ཡོང་བ་བཅས་བྱས་ཏེ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སེམས་འགུལ་ཆེན་མོ་ཐེབས་པ་དང་སྐུལ་མ་ཆེན་པོ་ཐེབས། ཚང་མས་བལྟས་ན། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཏན་ཏིག་ངང་འབད་བརྩོན་བྱེད་པ། འབད་འབད་དུངས་དུངས་བྱས་ནས། ཚད་གཞི་མཐོ་བའི་གྲོང་ཁྱེར་གྱི་འཆར་འགོད་འཆར་གཞི་དེ་སྤུས་ཚད་མཐོ་བའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་དངོས་ཡོད་དུ་འགྱུར་བར་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། ཏང་ཀྲུང་དབྱང་གི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཐབས་ཇུས་གལ་ཆེན་ནི་རྦད་དེ་ཡང་དག་པ་ཡིན་ལ། ཕྱོགས་སོ་སོའི་ལས་དོན་ཡང་ཏན་ཏིག་དང་ནུས་ལྡན་ཡིན་པ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ་དང་མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་མང་ཚོགས་ཀྱིས་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཁྲོད་ནས་མིག་མཐོང་ལག་ཟིན་གྱི་ཐོབ་ཚོར་དང་སྐྱིད་སྣང་ཚོར་ཐུབ་པར་བྱེད་དགོས་ཞེས་གསུངས།

སྐྱོད་ལམ་གསར་པའི་སྟེང་དུ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བལྟས་ན། ཏང་ཀྲུང་དབྱང་གི་ཞུང་ཨན་ཁུལ་གསར་སྐོར་གྱི་ནུས་པའི་ངེས་གནས་དང་ལས་འགན། རྩ་དོན་བླང་བྱ་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་ལོ་རྒྱུས་ཀྱི་ངང་རྒྱུད་རིང་བོ་རྒྱུན་འཁྱོངས་བྱས་ཏེ། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།