ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་དམག་གི་ཆུར་འཛུལ་དམག་གྲུའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ཡིག་ལན་བསྐུར་ནས། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་།
ཞི་ཅིན་ཕིང་གིས་ཡིག་ལན་ནང་དུ་ཁྱོད་ཚོའི་འཕྲིན་ཡིག་མཐོང་སྐབས། ངས་ལོ་བཅུའི་སྔོན་ལ་ཁྱོད་ཚོ་དང་མཉམ་དུ་རོལ་བའི་མཛེས་པའི་ལོ་ཟླ་དེ་དྲན་བྱུང་། ཁྱོད་ཚོས་ལས་འགན་ལྕི་མོ་ཕྲག་སྟེང་དུ་ལེན་པ་དང་གཞན་གྱི་སྔོན་ལ་བསྐྱོད་པ། དཀའ་ཁག་རབ་དང་རིམ་པ་གདོང་གིས་བསུས་ཏེ། ལས་འགན་ཚང་མ་ཡོངས་འགྲུབ་བྱས་པ་ཤེས་པས་ང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཆུར་འཛུལ་དམག་གྲུའི་དམག་དཔུང་གིས་རྒྱ་མཚོའི་གཏིང་ཟབ་ས་རུ་དམག་འཐབ་བྱེད་ཀྱིན་ཡོད་པས། ལས་འགན་ལྕི་ལ་གཟི་བརྗིད་ལྡན། བློ་མཐུན་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས། འགན་འཁྲི་དང་ལས་འགན་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཁྱོན་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་ཆུ་གཏིང་གི་ཕུལ་བྱུང་དམག་དཔུང་འཛུགས་སྐྲུན་གང་ལེགས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།