ཞི་ཅིན་ཕིང་གིས་ཁོང་ཀོ་ཅིན་རྒྱལ་ཁབ་ལ་དྲག་ཆར་གྱི་གནོད་འཚེ་བྱུང་བའི་ཐད་ནས་ཁོང་ཀོ་ཅིན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།
2023.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་ལྔ་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོ་ཅིན་རྒྱལ་ཁབ་ལ་དྲག་ཆར་གྱི་གནོད་འཚེ་བྱུང་བའི་ཐད་ནས་ཁོང་ཀོ་ཅིན་རྒྱལ་ཁབ་ཀྱི་ཙུང་ཐུང་ཆི་སའེ་ཁི་ཏིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་ཉེ་ལམ་ཁོང་ཀོ་ཅིན་རྒྱལ་ཁབ་ལ་དྲག་ཆར་བབས་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་ཅིང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ། ཐེངས་འདིའི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་དང་འདས་པོའི་ཁྱིམ་མི། རྨས་མ། གནོད་ཐེབས་ས་ཁུལ་གྱི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན། ཁོང་ཀོ་ཅིན་རྒྱལ་ཁབ་ཀྱིས་དཀའ་ངལ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།