ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་རུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་བྱས།
2023.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་རུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་པའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏན་ཏན་ཏིག་ཏིག་གིས་བརྗོད་དོན་སློབ་གསོ་དང་དཔེ་གཞིས་དག་ཐེར་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་སྤེལ་བ། བརྩེ་སེམས་ལྡན་པའི་སྒོ་ནས་ལས་བྱེད་པ་རྒན་པའི་བྱ་བ་བཟང་བོར་བསྒྲུབ་ནས། ལས་བྱེད་པ་རྒན་པར་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་གཟི་འོད་འཚེར་བར་བྱེད་དགོས།

ཁྲིན་ཀང་ཞིང་ཆེན་ལས་བྱེད་པ་རྒན་པའི་སློབ་ཆེན་དུ་སོང་ནས། རོལ་དབྱངས་དང་པི་ཝང་རྒྱུད་གཉིས་མའི་སློབ་ཁང་ལ་ལྟ་སྐོར་བྱས་པ་དང་། སློབ་གྲྭས་སློབ་ཁྲིད་བྱེད་པའི་གནས་ཚུལ་ལ་ཉན། ཞིང་ཆེན་ལས་བྱེད་པ་རྒན་པའི་བྱ་འགུལ་ལྟེ་གནས་སུ། ཏང་ཡོན་གྱི་ཁྱིམ་ཚང་དུ་སོང་ནས། ལས་བྱེད་པ་རྒན་པའི་གཟུགས་བདེ་ལུས་སྦྱོང་དང་ཡིག་རིས་འགྲེམ་སྟོན། ཅིན་ཅུའུ་ཟློས་གར་འཁྲབ་སྟོན་ལ་བལྟས། དེའི་རྗེས་སུ། ཁྲིན་ཀང་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ལས་ཁུངས་སུ་སོང་ནས། མི་རབས་རྗེས་མར་སེམས་ཁུར་ཁྲུའུ་དང་འཚོ་བའི་ཐོབ་ཐང་ཁྲུའུ། བྱ་འགུལ་མཛུབ་ཁྲིད་ཁྲུའུ་སོགས་ཀྱི་ལས་བྱེད་མི་སྣར་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། ལས་བྱེད་པ་རྒན་པས་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་བྱེད་པའི་བྱ་འགུལ་གྱི་ཚོང་རྟགས་བསྐྲུན་པ་དང་ལས་བྱེད་པ་རྒན་པའི་དོ་དམ་ཞབས་ཞུ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ལས་བྱེད་པ་རྒན་པའི་བྱ་བ་དེ་ངོ་བོའི་སྟེང་ནས་ཆབ་སྲིད་ཀྱི་བྱ་བ་ཡིན་པས། ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ། ཏང་གི་འཛུགས་སྐྲུན་སྤྱིའི་སྣེ་ཁྲིད་དུ་བྱེད་པ། ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པའི་ཏང་གི་འཛུགས་སྐྲུན་བསམ་བློ་ཆབ་སྲིད་བྱ་བ་དང་དོ་དམ་ཞབས་ཞུའི་ཁྲོད་འདྲེས་པར་བྱེད་པ། ལས་བྱེད་པ་རྒན་པའི་བྱ་བའི་ཐད་ནས་ནམ་ཡང་ཆབ་སྲིད་ཀྱི་ཁྲིད་ཕྱོགས་དང་ཆབ་སྲིད་ཀྱི་ཤན་ཤུགས།  ཆབ་སྲིད་ཀྱི་གྲུབ་འབྲས་བཟང་བོ་ཡོད་པར་ཁག་ཐེག་བྱས་ཏེ། བློ་སེམས་རྩེ་གཅིག་གིས་ཏང་གི་རྗེས་སུ་འབྲངས་པ་དང་དུས་རབས་གསར་པར་ཧུར་ཐག་གིས་བསྐྱོད་པའི་ཆབ་སྲིད་ཀྱི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པ་རྒན་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་པས། སྔར་ལས་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། ལས་བྱེད་པ་རྒན་པའི་བྱ་བ་ཞིང་ཆེན་ཡོངས་ཀྱི་ལོ་ལོན་རྒན་པའི་ལས་དོན་ཁྲོད་འདྲེས་པར་བྱེད་པ། རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ། འདྲེན་བྱེད་བཟང་བོ་འཛུགས་པ་དང་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། ཆོས་ཉིད་འཚོལ་བ་དང་སྤྱི་སྡོམ་བྱེད་པ། གནད་དོན་ལ་ཞིབ་འཇུག་བྱེད་པ་དང་ཐག་བཅད་དེ། ལས་བྱེད་པ་རྒན་པར་བཅངས་པའི་སེམས་ཁུར་གཟིགས་སྐྱོང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལས་བྱེད་པ་རྒན་པ་ནི་མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་ཐད་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་སོགས་གཙོ་གནད་བྱ་བར་དམིགས་ནས། ལས་བྱེད་པ་རྒན་པའི་བསམ་འཆར་གྲོས་གཞི་ལ་ཉན་པ་དང་། ལས་བྱེད་པ་རྒན་པའི་ཁྱད་འཕགས་དགེ་མཚན་འདོན་སྤེལ་བྱས་ཏེ། ཁོ་ཚོས་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་ཁྲོད་མུ་མཐུད་དུ་སྟོབས་ཤུགས་འབུལ་བར་སྐུལ་འདེད་གཏོང་དགོས། ལས་བྱེད་པ་རྒན་པའི་བྱ་བ་དེ་ཆབ་སྲིད་བརྟན་པ་དང་སྤྱོད་ཚུལ་བཟང་བ། ལས་སྒོ་བྱང་ཆུབ་པའི་དཔུང་སྡེ་བཟང་བོར་འབྲལ་ཐབས་མེད་པས། ལས་བྱེད་པ་རྒན་པའི་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ལས་བྱེད་པ་རྒན་པའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། ནམ་ཡང་བརྩེ་སེམས་དང་སྤྲོ་སེམས་ཀྱིས་ཁེངས་པར་བྱེད་པ། ཡག་ཐོག་ཡག་བརྩེགས་དང་དཀའ་ཐོག་རོགས་སྐྱོར། ཐོར་བསྡུས་ཁ་གསབ་སོགས་ཀྱི་བྱ་བ་རེ་རེ་བཟང་བོར་བསྒྲུབ་ནས། ལས་བྱེད་པ་རྒན་པས་ནམ་ཡང་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཉམས་སུ་མྱོང་ཐུབ་པར་བྱེད་དགོས།

ཀྲའོ་ཡུའེ་ཞ་ཡིས་མཉམ་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་ལ་མགོ་འཛིན་བྱས་། ཀྲུའུ་ཞང་ཧྲིན་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།