ཉེ་ལམ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་ཡོངས་ལ2022ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་ཐད་ཀྱི་དཔྱད་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས།
ཁྱབ་བསྒྲགས་ནང་བསྟན་དོན། 2022ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་བྱ་བའི་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། ཡོངས་སུ་ཁེབས་པ་དང་ནང་དོན་ཡོངས་འདུ། འགན་འཁྲི་སྦྲེལ་ཐག་ཡོངས་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཉིན་རྒྱུན་གྱི་དཔྱད་ཞིབ་དང་ལོ་ཧྲིལ་བོའི་དཔྱད་ཞིབ། ཕྱོགས་བསྡུས་གདེང་འཇོག་དང་དྲང་ཕྱོགས་ཀྱི་སྐུལ་སློང་སྐར་སྣོན། ལྡོག་ཕྱོགས་བཀག་སྡོམ་སྐར་གཅོག་ཟུང་འབྲེལ་བྱེད་པའི་རྣམ་པ་ལྟར་ཞིང་ཆེན་ཡོངས་ཀྱི་ཏང་ཨུ་དང་ཏང་ཙུའུ་གྱ་བརྒྱད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས། དཔྱད་ཞིབ་བརྒྱུད་དེ་ཏང་ཨུ་དང་ཏང་ཙུའུ་ཉེར་བདུན་ཕུལ་བྱུང་རིམ་པ་རུ་གཏན་འབེབས་བྱས་པ་དང་། དེ་སོ་སོ་ནི། མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་ཁུལ། མགོ་ལོག་ཁུལ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་ཆེན་ལས་ཁུངས། ཞིང་ཆེན་སྲིད་གྲོས་ལས་ཁུངས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་འཕྲལ་བསྟུན་ཐིན། ཞིང་ཆེན་རྩིས་བཤེར་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ། ཞིང་ཆེན་ཚོང་ར་དོ་དམ་ཅུའུ། ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། ཞིང་ཆེན་ནུས་ཁུངས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་མ་རྐང་ཀུང་ཟི། མཚོ་སྔོན་ཁྲུང་ཨན་ཚད་ཡོད་ཀུང་ཟི་བཅས་ཡིན་ལ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱི་ཏང་ཨུ་དཀྱུས་མའི་རིམ་པ་རུ་དཔྱད་འབེབས་བྱས་ལ། དེའི་འཕྲོ་མའི་ཏང་ཨུ་དང་ཏང་ཙུའུ་ང་བརྒྱད་ཅུང་བཟང་བོའི་རིམ་པ་རུ་དཔྱད་འབེབས་བྱས།
བརྡ་ཁྱབ་ནང་བསྟན་དོན། 2022ལོའི་ཏང་ཨུ་དང་ཏང་ཙུའུ་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། མཉམ་ལས་ཀྱི་འགན་འཁྲི་བཞི་འབྲེལ་མཐུད་བྱས་ལ། ཆབ་སྲིད་ཀྱི་འདུ་ཤེས་མངོན་གསལ་སྒོས་ཇེ་བརྟན་དུ་བཏང་བ་དང་། ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ལ། སྒྲིག་ལམ་སྤྱོད་ཚུལ་སྔར་ལས་ཇེ་དམ་དུ་བཏང་བ་དང་། ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་གཙང་དུ་བཏང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས། དེ་དང་མཉམ་དུ། དཔྱད་ཞིབ་ཁྲོད་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་རིམ་པ་བཞིན་ཇེ་ཞན་དུ་འགྲོ་བཞིན་པའི་སྣང་ཚུལ་མཐོང་ལ། དོ་དམ་གཟབ་ནན་བྱེད་ཤུགས་ཐད་ནས་ད་དུང་ཤུགས་སྣོན་དགོས་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པའི་སྙིང་སྟོབས་ད་དུང་མཐོར་འདེགས་གཏོང་དགོས་པ་སོགས་ཀྱི་གནད་དོན་རྙེད།
བརྡ་ཁྱབ་ནང་། 2023ལོར་ཏང་ཨུ་དང་ཏང་ཙུའུ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དུས་ནམ་ཡང་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་ཟབ་མོ་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩི་བ། ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོ་བཅོས་སྐྱོང་ནན་མོ་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་པ། འགན་འཁྲི་བརྟན་སྲུང་དང་འགན་འཁྲི་ཕྲག་ཏུ་བླངས་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་འགན་འཁྲི་ལ་ཤུགས་སྣོན་པ་དང་། ཉིན་རྒྱུན་གྱི་ལྟ་སྐུལ་བཟང་བོ་བྱེད་པ། གནད་འགག་གྲངས་ཉུང་ལ་དོ་དམ་ནན་མོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་སྒྲིག་ལམ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།