ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་པ་དང་། མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།
2023.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཞིང་ཆེན་ཏང་ཨུའི་གྲོས་ཚོགས་གལ་ཆེན་དང་། ཡིག་ཆ་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན། ཧི་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་གཞུང་ལུགས་གསར་བ་ཆ་ཚང་ཞིང་ཡང་དག་པ་དང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་སོགས་ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་ལས་དོན་ལ་དམིགས་ཏེ། གྲོས་མོལ་སྲིད་གླེང་དང་ཐུན་མོང་འདུ་ཤེས་གཅིག་སྡུད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྲིད་གྲོས་ཀྱི་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་དང་མགོ་ཁྲིད་ལས་བྱེད་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་ཚབས་ཆེན་འགལ་བའི་གནད་དོན་གྱི་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དག་ཐེར་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན། གསར་དུ་བཟོ་བཅོས་བྱས་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་ལག་བསྟར་ཞིབ་ཕྲའི་དགོངས་དོན་གྱི་བྱེད་ཐབས་རེ་འགའ་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས། བྱེད་ཐབས་རེ་འགའ་དངོས་འབེབས་བྱེད་པ་དང་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དག་ཐེར་སློབ་གསོ་སྤེལ་བ་གཉིས་ཟུང་འབྲེལ་བྱེད་པ་དང་། དུས་མཉམ་དུ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་ནན་མོ་དང་སྔ་མོ་དང་ཆུང་ས་ནས་དམ་འཛིན་བྱེད་པ། ཚད་ལོངས་བཅོས་སྐྱོང་དང་གནད་འགག་གྲངས་ཉུང་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། འགན་འཁྲི་དངོས་འབེབས་བྱེད་པར་སྐུལ་འདེད་དང་། སྲིད་གྲོས་མ་ལག་གི་བྱེད་ཕྱོགས་འཛུགས་སྐྲུན་བྱ་བ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་ནན་མོ་གཏོང་དགོས། ཞིབ་བཤེར་ཞིབ་འཇུག་གི་ལེགས་བཅོས་བྱེད་ཕྱོགས་དར་སྤེལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། བླང་བྱ་ནན་མོ་དང་དངོས་ཡོད་བྱེད་ཕྱོགས་དེ་གྲོས་མོལ་རྟོག་ཞིབ་དང་ཞིབ་བཤེར་ལྟ་ཞིབ་ཀྱི་བྱ་བའི་ཁྲོད་དུ་ཡོངས་སུ་མངོན་པར་བྱས་ནས། གྲོས་མོལ་སྲིད་གླེང་བྱ་འགུལ་ལ་ཕན་འབྲས་ཐོབ་པར་སྔར་ལས་ལྷག་པར་འགན་སྲུང་བྱེད་དགོས་པ་བཅས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་སློབ་སྦྱོང་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན། ཏང་གི་སྒྲིག་ཡིག་སློབ་སྦྱོང་ལག་བསྟར་བྱེད་པ་དེ་སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་པ་དང་།  ཏང་གི་སྒྲིག་ཡིག་ལས་བཏོན་པའི་བླང་བྱ་དང་བསྟུན་ནས་ཆབ་སྲིད་ཚད་ལེན་བྱ་བ་ནན་ཏན་གྱིས་སྤེལ་ཏེ།  དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྲིད་གྲོས་ཏང་ཡོན་ལས་བྱེད་པའི་སྣང་བརྙན་གསར་བ་མངོན་པར་བྱེད་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་རྒྱུ་དེ་སྲིད་གྲོས་འགན་སྒྲུབ་བྱ་བའི་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཐུན་མོང་འདུ་ཤེས་གཅིག་སྡུད་བྱེད་པའི་བརྒྱུད་རིམ་ཡོངས་སུ་འདྲེས་པར་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བསམ་ཚུལ་ལ་གྲོས་ཞིབ་བྱས་པར་མ་ཟད། དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གྲོས་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན།  ཝང་ཀྲིན་ཁྲང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས།

                                                                                                              རིག་འཛིན་སྒྲོལ་མས་བསྒྱུར།