མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཛད་སྒོ་བསྡུས་ནས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་ལ་དྲན་གསོའི་བྱང་བུ་བྱིན།
2023.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་མངག་བཅོལ་ལྟར། ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཛད་སྒོ་བསྡུས་ནས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་ལ་དྲན་གསོའི་བྱང་བུ་བྱིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བྱ་འགུལ་ལ་ཞུགས་པར་མ་ཟད་རྡོ་རྗེ་རབ་བརྟན་དང་ལིའུ་ཐུང་ཏི། རིན་ཆེན་རྣམ་རྒྱལ། ཝང་ཞོན། མ་ཡུའེ་ཞང་སོགས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་ལ་དྲན་གསོའི་བྱང་བུ་བྱིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གིས་མཛད་སྒོར་མགོ་འཛིན་བྱས།

མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་ལ་བཀའ་དྲིན་ཞུས་པ་དང་བླ་མེད་ཀྱི་གུས་འདུད་ཞུས། ཁོས་བསྟན་དོན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་གྱིས་ནམ་ཡང་རྒྱལ་དོན་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་ཞིང་ཆེན་གྱི་དོན་དག་གལ་ཆེན་ཡིད་ལ་འཛིན་པ། མང་ཚོགས་ཀྱི་སེམས་ཁུར་བྱེད་པར་སེམས་ཁུར་བྱེད་པ། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མང་ཚོགས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ། བློ་འདོན་ཇུས་འབུལ་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་བཟང་བོ་འཇོག་དགོས། འཐབ་ལམ་གསར་བ་དང་འགོ་ཚུགས་ས་གསར་བའི་སྟེང་འགྲེང་བ་དང་། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་འགན་འཁྲི་གཟི་བརྗིད་ལྡན་པ་དང་འགན་འཁྲི་ཧ་ཅང་ལྕི། རེ་བ་ཡིན་ན་བསྟུད་འགན་ཁུར་བའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏེ་དུས་རབས་ཀྱི་བརྗོད་དོན་ཁོང་དུ་ཆུད་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་དཀྱིལ་སྙིང་བྱ་བར་དམ་དུ་དམིགས་པ། རྟོག་ཞིབ་བྱེད་པ་དང་བསམ་གཞིགས་གཏོང་བ། ལས་རིགས་སོ་སོའི་དགེ་མཚན་དང་ཆེད་ལས་ཡོན་ཏན་འདོན་སྤེལ་བྱེད་པ། བློ་འདོན་ཇུས་འབུལ་བྱེད་པ། དངོས་གཉེར་བྱེད་ཐབས་ཕྱིར་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས། བསྟུད་འགན་ཁུར་མི་དགོས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། སྔར་བཞིན་དུ་སྲིད་གྲོས་བྱ་བ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། བློ་གཅིག་སེམས་གཅིག་གིས་དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་མི་དམངས་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་དགོས།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འཐུས་ཚབ་ཝང་ཅན་གྱིས་གཏམ་བཤད་སྐབས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་ཁུར་བའི་ཚུན་དུ་སྲིད་ཞུགས་སྲིད་གླེང་བྱས་པའི་ལོ་རྒྱུས་ཕྱིར་དྲན་བྱས། ཁོས་བསྟན་དོན། བསྟུད་འགན་ཁུར་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཆ་ནས་ནམ་ཡང་འགན་འཁྲི་ཤེས་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་བསྟར་བྱེད་པ། དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། མུ་མཐུད་དུ་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།