ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཏང་གཤིས་གྲོས་སྡུར་ཆེན་པོ་དང་ཆེད་དོན་བགྲོ་གླེང་དང་པོ་སྤེལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ལས་ཁུངས་ཀྱི་ཁོངས་མི་ཡོངས་དང་ལས་བྱེད་པ། ལས་འཁྱུར་ངལ་གསོ་དང་ལས་བྲལ་བྱས་པའི་ཏང་ཡོན་འཐུས་ཚབ་པ་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གཉིས་པ་གྲོས་ཚོགས་ལ་ཞུགས་ནས་མཛུབ་ཁྲིད་བྱས། བགྲོ་གླེང་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཇི་ལྟར་ཏང་གཤིས་བརྟན་པོ་མངོན་པ་དང་སྦྱོང་བརྡར་བྱེད་པར་དམིགས་ནས་སྤེལ་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་བརྗོད་དོན་ལ་ཡང་དག་པར་དམིགས་པ་དང་རྒྱུས་ལོན་ཟབ་མོ་བྱས་ལ། བྱ་བར་ཟུང་འབྲེལ་དམ་པོ་བྱས་ནས། བརྗེ་རེས་ཁྲོད་བརྗོད་དོན་སློབ་གསོའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ་དང་། དམངས་ཆེན་གྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་དང་ཏང་གཤིས་འདུ་ཤེས་བརྟན་པོ་མངོན་པར་བྱས།
བགྲོ་གླེང་བྱེད་སྐབས་ཚང་མས་མཐའ་གཅིག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བློ་འགུག་ནུས་པ་དང་འབོད་སྐུལ་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྐུལ་སློང་བཀོད་སྒྲིག་གཏིང་ཟབ་བྱས་པ་དང་། གཅིག་བསྡུས་སློབ་སྦྱོང་གི་རྣམ་པ་སྣ་མང་ཡིན་ལ། ལྟ་ཞིབ་རྟོག་ཞིབ་ཕྱོགས་ཡོངས་ནས་སྤེལ་བ་དང་། གཅིག་ཅན་དགུ་ཡི་བྱ་འགུལ་གོ་རིམ་ལྡན་པའི་ངང་སྤེལ་ལ། ཏང་ཡོན་ལས་བྱེད་པས་ཕུགས་འདུན་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་བཏང་བ་དང་ཏང་གཤིས་སྦྱོང་བརྡར་ལ་ཤུགས་བསྣན་ཞིང་། ཞིང་ཆེན་གྱི་གནས་ཚུལ་དངོས་ཐད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་དང་། ཁག་ཁུར་འདུ་ཤེས་མཐོར་འདེགས་བཏང་ཞིང་འཐབ་རྩོད་ཀྱི་སྙིང་སྟོབས་ཆེར་བསྐྱེད། ཞིང་ཆེན་དམངས་ཆེན་ལས་ཁུངས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩི་བ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་བློ་སྦྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་པ་དང་། རང་རྟོགས་སྒོས་ཏང་གི་ཆེད་དུ་དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་གཟི་བརྗིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ལ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དམངས་ཆེན་གྱི་ངེས་གནས་བཙལ་བ་དང་། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཁྲོད་འདྲེས་པར་བྱས་ཤིང་། ཚད་གཞི་རུ་འཛིན་པ་དང་འགན་འཁྲི་དང་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་པ་དང་། བདེན་འཛིན་དངོས་གཉེར་དང་ཁག་ཁུར་འགན་སྒྲུབ་བྱས་ཏེ། དམངས་ཆེན་བྱ་བ་དེ་དུས་རབས་ཀྱི་རེ་བ་དང་མཐུན་པར་བྱས་པ་དང་། ལག་ལེན་གྱི་ཁྱད་ཆོས་མངོན་པར་བྱས་པ་དང་དམངས་གཙོའི་རང་མདངས་ཡོད་པར་བྱས་ལ། འཕེལ་རྒྱས་ཀྱི་སྤུས་ཚད་མངོན་པར་བྱས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་བློ་དཀར་བར་བྱས།
བགྲོ་གླེང་བྱེད་སྐབས། ཚང་མས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རང་སྣང་འཇིག་རྟེན་བསྒྱུར་བཀོད་བྱེད་ན། ངེས་པར་དུ་དགོངས་དོན་གལ་ཆེན་དེའི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་བསམ་བློའི་ཡུལ་ཁམས་ཇེ་ཆེར་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ་སོགས་སྐོར་གྱི་རེ་བ་རབ་དང་རིམ་པར་རྒྱུན་ལོན་ཟབ་མོ་བྱེད་པ་དང་། རྩ་བའི་རིགས་པར་གོ་བ་ལེན་པ་དང་བདེན་ལུགས་འཚོལ་བ། གནས་ལུགས་རྟོགས་པར་བྱེད་པ་གཅིག་གྱུར་བྱེད་པ། ཡིད་རྟོན་གྱི་རྨང་གཞི་བརྟན་པོ་འདིང་བ་དང་སྙིང་སྟོབས་ཆེར་བསྐྱེད་པ། བསམ་བློ་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་ནམ་ཡང་སྲུང་འཛིན་བྱེད་པར་ངོས་འཛིན་གང་ལེགས་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་ཏང་གཤིས་ངེས་སྦྱོང་སློབ་ཚན་དུ་བརྩི་བ་དང་། སྲོག་ཤིང་གོ་དོན་དང་དགོངས་དོན་གྱི་ནང་དོན་དངོས་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་རང་གཤིས་གྲུབ་པར་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དམངས་ཆེན་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ནས། དམངས་ཆེན་བྱ་བ་དེ་ཏང་གི་མགོ་ཁྲིད་འོག་ནམ་ཡང་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་བྱེད་པ་དང་། དམངས་ཆེན་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་ལ་ཁག་ཐེག་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་དམ་དུ་དམིགས་པ་དང་། ཁྲིམས་ལྟར་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། སྐོང་འཐེན་སོགས་འགན་ནུས་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིམ་པ་ལྔའི་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གང་ལ་ཐོན་ན། དམངས་ཆེན་བྱ་བ་དེར་ཐོན་པ་དང་། དམངས་ཆེན་གྱི་འགན་ནུས་དེ་རུ་འདོན་སྤེལ་བྱེད་ཐུབ་པར་བྱེད་དགོས།
ཚང་མས། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་ན། ངེས་པར་དུ་གཞུང་ལུགས་སློབ་སྦྱོང་ཇེ་དྲག་ཏུ་གཏོང་བའི་ཁྲོད་ཏང་གཤིས་ཀྱི་ངོས་ཟིན་ཇེ་ཟབ་ཏུ་བཏང་ནས། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རང་སྣང་འཇིག་རྟེན་བསྒྱུར་བཀོད་བྱེད་དགོས། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་ན། ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ཁྲོད་ཏང་གཤིས་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། གནད་དོན་འཚོལ་བ་དང་གནད་དོན་ལ་ལྟ་སྟངས་བཟང་བོ་འཛིན་པ། གནད་དོན་ཐག་གཅོད་ཕོད་པར་བྱེད་པ། གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་གནད་དོན་ཡང་དག་པར་འཚོལ་བ། བྱེད་ཐབས་བཟང་བོ་འདོན་པ། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་གནས་ཚུལ་གསར་པར་ཞིབ་འཇུག་བྱས་ཏེ། གནད་དོན་གསར་པ་ཐག་གཅོད་པ་དང་རྣམ་པ་གསར་པ་གསར་སྐྲུན་བྱེད་དགོས། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་ན། ངེས་པར་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་པ་དང་། ཁྲིམས་ལྟར་འགན་སྒྲུབ་ཁག་ཁུར་ཁྲོད་ཏང་གཤིས་ཀྱི་སྤུས་ཚད་ལ་ཞིབ་དཔྱད་བྱེད་པ། རང་འགུལ་གྱིས་དམངས་ཆེན་བྱ་བ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞི་གསར་པའི་སྟེང་བཞག་ནས་བསམ་གཞིགས་གཏོང་བ་དང་འཆར་འགོད་ཡར་སྐུལ་བྱེད་པ། དུས་རབས་གསར་པའི་དམངས་ཆེན་བྱ་བའི་ཟུང་འབྲེལ་གནས་དང་ཤུགས་འདོན་ས། ཐོད་བརྒལ་གནས་བཅས་བཙལ་ནས། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་ན། ངེས་པར་དུ་ཏང་གཤིས་ཕྱོགས་ན་གནས་པའི་གནད་དོན་འཚོལ་བ་དང་། དངོས་སུ་ཞིབ་བཤེར་དང་དག་ཐེར་བྱེད་པའི་ཁྲོད་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་འཇོག་པ། གནད་དོན་གྱི་མགོ་ཁུངས་འཚོལ་བ། དག་ཐེར་ལེགས་བཅོས་ཀྱི་གསལ་ཁྲ་བཙུགས་ཏེ། དག་ཐེར་བཅོས་སྐྱོང་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་ན། ངེས་པར་དུ་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་སྣེ་ཁྲིད་དེ་བྱ་བ་སྒྲུབ་པ། སྣེ་ཁྲིད་དེ་ཞབས་འདེགས་ཞུ་བའི་ཁྲོད་མཉམ་ཤུགས་གཅིག་ཏུ་བསྡུ་བ། རང་སོ་སོའི་ལས་རྐང་འགན་འཁྲི་དང་གནས་པའི་གནད་དོན་ལ་རྐང་བཙུགས་ནས། བརྟག་དཔྱད་ཞིབ་འཇུག་སྤེལ་བ་དང་། ཞིབ་འཇུག་བྱས་ནས་གནད་དོན་ཐག་གཅོད་པ་དང་བྱ་བར་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཕྱིར་འདོན་པ། ཤུགས་ཆུང་ཆུང་བཏོན་ནས་དཀའ་གནད་ཐག་བཅད་དེ། སྤུས་ཚད་མཐོ་བའི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པར་ངོས་འཛིན་གང་ལེགས་བྱས།
རིན་ཆེན་མཚོས་བསྒྱུར།