ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཐུན་མོང་སློབ་སྦྱོང་ཐེངས་བཞི་པའི་སྟེང་གི་གསུང་བཤད་ཅེས་པ་བཀོད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་བརྗོད་དོན་གཙོ་བོར་བཟུང་ནས་ཐུན་མོང་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི། དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོངས་ཀྱིས་བརྗོད་དོན་སློབ་གསོའི་ཁྲོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བསམ་བློ་དང་གཞུང་ལུགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུའི་ཆེད་ཡིན།
རྩོམ་ཡིག་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་རྩ་བའི་བླང་བྱ་ཞིག་ཡིན། ང་ཚོ་ལྟ་བུའི་འཛམ་གླིང་འདིའི་སྟེང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ལ་མཚོན་ནས་བཤད་ན། གཞུང་ལུགས་ཀྱི་སྟོབས་ཤུགས་ཅི་ཙམ་ཆེ་ན། གཞི་ནས་ཁ་ཕྱོགས་གསལ་པོ་དང་མི་སེམས་མཐུན་པོ། གདིང་ཤུགས་བརྟན་པོ་བཅས་ཡོང་ཐུབ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ཆེ་བའི་བཅོས་སྒྱུར། འཕེལ་རྒྱས། བརྟན་འཇགས་གསུམ་གྱི་ལས་འགན། གཏན་འཁེལ་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་ཀྱི་མདུན་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འབེབས་བྱས་པའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་བྱ་དགོས་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ཁྱད་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་སྔར་ལས་གཏིང་ཟབ་བྱ་རྒྱུ་ནི། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ད་ཐེངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་དམིགས་འབེན་གཙོ་བོ་ཡིན། ད་ཐེངས་ཀྱི་བརྗོད་དོན་སློབ་གསོའི་ཁྲོད་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་པས། ཏང་ཡོངས་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་དང་སྐུལ་འདེད་གང་ལེགས་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མ་ལག་དང་དོན་སྙིང་ཁོང་དུ་ཆུད་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་དེ་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགསགསུམ་དང་ནང་སྲིད། ཕྱི་འབྲེལ། རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ལ་ཁྱབ་ཡོད་པར་མ་ཟད། ཚན་རིག་གི་མ་ལག་ཆ་ཚང་ཞིག་གྲུབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“གསལ་པོ་བཅུ”དང“རྒྱུན་འཁྱོངས་བཅུ་བཞི།” “ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”བཅས་ཀྱི་སྟེང་ནས་དགོངས་པ་འདིའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ནང་དོན་གཙོ་བོ་འདི་དག་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱ་དགོས་ལ། བསམ་བློའི་ཚན་རིག་མ་ལག་འདི་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་གོ་དོན་མཐིལ་རྟོགས་ཡོང་བར་བྱ་དགོས། དུས་མཚུངས་སུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་དགོས་ན། ད་དུང་ངེས་པར་དུ་དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱ་དགོས། “ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག”འདུས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཡང་དག་པར་ཆུད་པ་ཡིན་ན། གཞི་ནས་དགོངས་པ་འདིའི་དོན་སྙིང་གལ་ཆེན་ལ་གོ་བ་སྔར་ལས་གང་ལེགས་ལེན་ཐུབ་པ་དང་། བསམ་བློ་གཏོང་སྟངས་ཡང་དག་པ་འཛིན་ཐུབ་པ། གནད་དོན་ཤེས་རྟོགས་ཐུབ་པ། གནད་དོན་ལ་དབྱེ་ཞིབ་ཡང་དག་བྱེད་ཐུབ་པ། ལས་དོན་སྤེལ་བའང་གནད་ལ་འཁེལ་བ་བཅས་ཡོང་ཐུབ།
རྩོམ་ཡིག་ལས་བསྟན་དོན། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། གཞུང་ལུགས་ཤིག་རྒྱལ་ཁབ་ཅིག་ཏུ་མངོན་འགྱུར་བྱུང་ཚད་ནི་གཞུང་ལུགས་ཀྱིས་དོན་དངོས་ཀྱི་དགོས་མཁོ་སྐོང་ཚད་ལ་རག་ལས་ཡོད་ཅིང་། གཞུང་ལུགས་ཀྱི་ནུས་པ་འདོན་ཚད་དེ་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་དངོས་ཀྱི་གཏིང་ཟབ་ཚད་ལ་རག་ལས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་གཏོང་རྒྱུ་དེ་ཡིན་པ་དང་། དགོངས་པ་འདི་ཉིད་རང་སྣང་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན། ད་ཐེངས་ཀྱི་བརྗོད་དོན་སློབ་གསོའི་ཁྲོད་དུ། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་རང་ཉིད་ཀྱི་བསམ་བློ་དེའི་ནང་བཅུག་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ་བཅས་ཀྱི་བླང་བྱ་རབ་དང་རིམ་པར་སློབ་སྦྱོང་དང་དེ་ཁོང་དུ་ཆུད་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་པའི་ཁྲོད་བེད་སྤྱོད་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས། དུས་རབས་ལ་ལྟ་ཞིབ་དང་དུས་རབས་ཁོང་དུ་ཆུད་པར་བྱེད་པ། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་མཁས་པར་བྱེད་རྒྱུ་དང་། དགོངས་པ་དེ་སྤྱད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་གསར་པ་དང་ཐོད་བརྒལ་གསར་པ་ཐོབ་པར་བྱེད་པ། དགོངས་པ་དེ་སྤྱད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གནས་པའི་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་མཁས་པར་བྱེད་པ། དགོངས་པ་དེ་སྤྱད་དེ་ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་མཁས་བྱེད་པ། དགོངས་པ་དེ་སྤྱད་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་མཁས་བཅས་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་བརྗོད་དོན་སློབ་གསོའི་ཁྲོད་མིག་དཔེ་སྟོན་དགོས། མགོ་ཁྲིད་ལས་བྱེད་པས་ཕྱོགས་གང་ཅིའི་ཐད་ནས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི། ཕན་ནུས་ལྡན་པའི་མགོ་ཁྲིད་བྱེད་སྟངས་དང་བྱ་བ་སྒྲུབ་སྟངས་ཤིག་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།