ལིས་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལ་ཁ་པར་བཏང་།
2023.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ་ཁ་པར་བཏང་།

ལིས་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་པོ་ཝེ་ལེན-ཡ་ལིས་ཧྲན་ཏ་རྣམ་གཉིས་ཀྱིས་གཏན་འཁེལ་བྱས་པའི། རྒྱལ་ཁབ་གཉིས་ཀྱི་སྒོ་འབྱེད་དངོས་གཉེར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་རེས་འབྲེལ་བའི་ངེས་གནས་དེ་རྒྱལ་ཁབ་གཉིས་ཀའི་ཁེ་ཕན་དང་མི་དམངས་ཀྱི་དགོས་མཁོ་དང་མཐུན། ཀྲུང་གོས་ཧོ་ལན་ནི་ཡོ་རོབ་མནའ་འབྲེལ་ཁྲོད་ནས་ཀུན་གྱི་སྔོན་ལ་ཀྲུང་གོར་མཉམ་ལས་བྱེད་པའོ་ཟླ་གྲོགས་ཞིག་ཏུ་བརྩི་བཞིན་ཡོད་ཅིང་། ཧོ་ལན་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཧོ་ལན་གྱིས་གན་རྒྱའི་དགོངས་དོན་རྒྱུན་འཁྱོངས་བྱེད་པ་དང་། ཁྲོམ་རའི་རྩ་དོན་དང་འཛམ་གླིང་ཉོ་ཚོང་གི་སྒྲིག་སྲོལ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་དང་ཕྱོགས་གཉིས་ཀའི་ཁེ་ལས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། འཛམགླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་ལ་སྲུང་སྐྱོབ་བཅས་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་ལ་ཚད་མཐོའི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད།  ཧོ་ལན་གྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལོས་ཐི་ཡིས་ཀྲུང་གོ་ནི་ཧོ་ལན་གྱི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་ཆུ་བེད། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཧོ་ལན་དང་ཀྲུང་གོའི་སྒོ་འབྱེད་དངོས་གཉེར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་སྤེལ་བར་སྐུལ་འདེད་དང་། ཧོ་ལན་གྱིས་མུ་མཐུད་དུ་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ཀྱི་འབྲེལ་ཐག་དང་འབྲེལ་ཟམ་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།