ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས“ཀྲུང་ཧྭའི་དཔལ་ཡོན་བརྒྱུད་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་ནས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་དཔལ་ཡོན་བརྒྱུད་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་རྒྱུ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འདི་ཉིད་ཀྲུང་ཧྭའི་དཔལ་ཡོན་བརྒྱུད་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བའི་རྩ་བའི་གཞི་འཛིན་སར་བརྩིས་ནས། ཀྲུང་ཧྭའི་དཔལ་ཡོན་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ལ་ཁ་ཕྱོགས་པར་སྐུལ་འདེད་གཏོང་དགོས།
ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭའི་དཔལ་ཡོན་བརྒྱུད་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པ་དང་། སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། བྱེད་ཐབས་དང་ཇུས་གཞི་ཧུར་ཐག་གིས་འདོན་པ་བཅས་བྱས་ནས། ཀྲུང་ཧྭའི་རིག་གནས་འཛམ་གླིང་ལ་སྔར་ལས་ལྷག་པའི་སྒོ་ནས་ཁ་ཕྱོགས་པར་སྐུལ་འདེད་གཏོང་བའི་གོ་རིམ་དངོས་ཀྱི་ཁྲོད་དུ། སྲིད་གྲོས་ཀྱི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་མངོན་པར་མཚོན་དགོས། ཕྱི་ཕྱོགས་དང་བརྗེ་རེས་བྱེད་པའི་མིང་གྲགས་ཐོན་རྫས་དང་ལས་ཀའི་ལས་སྟེགས་བསྐྲུན་ནས། ཀྲུང་གོའི་གཏམ་རྒྱུད་ཀྱི་འབོད་སྐུལ་ནུས་པ་དང་བརྒྱུད་སྒྲོག་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ། འཛམ་གླིང་ལ་བློ་གཏད་ཆོག་པ་དང་གཅེས་སུ་འོས་པ། བརྩི་བཀུར་ཞུ་འོས་པ་བཅས་ཀྱི་ཀྲུང་གོའི་སྣང་བརྙན་མངོན་པར་བྱས་ནས། དཔལ་ཡོན་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་དགོས་ཞེས་གསུངས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བརྒྱ་ལྷག་ཚོགས་འདུར་ཞུགས་པ་དང་། ཨུ་ཡོན་དང་ཆེད་མཁས་པ་ཉི་ཤུ་ཡིས་གཏམ་བཤད། ཚང་མས་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་བའི་ཀྲུང་གོའི་རིག་གནས་དང་དུས་རབས་གསར་པའི་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་ཀྱིན་ཡོད་པས། རིག་གནས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱ་ཁྱབ་ངང་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཡང་དག་པའི་ཀྲུང་གུང་གི་ལྟ་བ་དང་ཀྲུང་གོའི་ལྟ་བ་གྲུབ་པར་ཁྲིད་སྟོན་བཅས་བྱེད་དགོས། ཀྲུང་ཧྭའི་དཔལ་ཡོན་གྱི་བསམ་པའི་མཚོན་རྟགས་དང་རིག་གནས་ཀྱི་ཉིང་བཅུད་ཞུན་བརྡར་དང་འགྲེམ་སྟོན་བྱེད་པ་དང་། མཚོན་ཐབས་དང་བརྒྱུད་སྒྲོག་བྱེད་ཐབས་གསར་གཏོད་བྱས་ཏེ། ཀྲུང་ཧྭའི་དཔལ་ཡོན་གྱི་གྲུབ་འབྲས་དང་ཀྲུང་གོ་བའི་འཚོ་བ་བཟང་བོ་མཚོན་གང་ཐུབ་བྱེད་དགོས་ཞེས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭའི་དཔལ་ཡོན་བརྒྱུད་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས་ང་ཚོར་རིག་གནས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་རིག་གནས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པའི་འཐབ་ཇུས་ཁྱབ་སྤེལ་མ་ལག་གང་མགྱོགས་ཀྱིས་འཛུགས་པ་བཅས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།
ཧྲི་ཐའེ་ཧྥུན་གྱིས་སྔ་དྲོའི་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་ཉན་པར་མ་ཟད། ཨུ་ཡོན་དང་ལྷན་དུ་གྲོས་མོལ་བརྗེ་རེས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།