མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.05.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་སློབ་གྲྭའི་རུས་ཏང་ཡིན་པ་དང་ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། སློབ་གྲྭ་བཅོས་སྐྱོང་ནན་མོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། དུས་རབས་གསར་བའི་ཏང་གི་སློབ་གྲྭའི་བྱ་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། བསམ་བློའི་དར་ཆ་མཐོན་པོ་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་ཁྲིད་ཀྱི་དོན་ཆེན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། གཏན་ཕབ་གཉིས་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་གཡུལ་ས་བརྟན་པོ་གསར་སྐྲུན་བྱེད་དགོས། སློབ་སྒྲུབ་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་བརྒྱུད་སྒྲོག་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ། རང་སྣང་འཇིག་རྟེན་དང་གཞན་ངོས་འཇིག་རྟེན་བསྒྱུར་བཀོད་བྱེད་སྐབས་འཕྲད་པའི་དོགས་ཟོན་འགྲེལ་བཤད་གསལ་བོ་བྱས་ཏེ། ཏང་ཡོན་ལས་བྱེད་པར་སྟོབས་ཤུགས་སྣོན་པ་དང་རྨང་གཞི་བརྟན་པོ་འདིངས་པའི་ལས་འགན་གལ་ཆེན་ཕྲག་ཏུ་ལེན་དགོས། སྟོབས་དང་ལྡན་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། ཏང་ལ་དགའ་བ་དང་ཏང་གི་ཆེད་དུ་སྐད་ཆ་བཤད་པ། ཏང་གི་བྱ་བར་སེམས་ཁུར་བྱེད་པ། ཏང་གི་ཆེད་དུ་བྱ་བ་བསྒྲུབ་པ། ཆབ་སྲིད་ཀྱི་ཚད་གཞི་ཆེས་ནན་མོས་འབད་འཐབ་བྱེད་པ་དང་ལྷག་བསམ་རྣམ་དག་གིས་གནས་ལུགས་འཚོལ་སྙེག་བྱེད་པ། སེམས་ཞིབ་མོས་མི་སྐྱེད་སྲིང་བྱས་ཏེ། ཏང་གི་སློབ་གྲྭ་དེ་དྲང་ཕྱོགས་ཀྱི་ནུས་ཚད་ཀྱི་ཁེངས་པའི་སློབ་གྲྭ་དང་བཟང་བསྟོད་ངན་སྨད་ཀྱི་ཚོམས་ཆེན་དུ་འགྱུར་བར་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་དང་ཏང་ལ་ཇུས་འབུལ་བྱེད་རྒྱུ་ནི་ཏང་གི་སློབ་གྲྭས་ངེས་པར་དུ་བརྟན་སྲུང་བྱེད་དགོས་པའི་ཐོག་མའི་བསམ་འདུན་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་གཏན་ཁེལ་བྱས་པའི་དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་ཏང་གི་དཀྱིལ་སྙིང་ལས་འགན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་མཛེས་སྡུག་གི་འཆར་གཞི་ལ་དམིགས་ནས། ཏང་གི་སློབ་གྲྭའི་བྱ་བ་དང་ཞིང་ཆེན་ཏང་ཨུའི་དཀྱིལ་སྙིང་བྱ་བའི་ཟུང་འབྲེལ་གནས་དང་རྐང་འཛུགས་ས། ཤུགས་འདོན་ས་ཡང་དག་འཚོལ་བ་དང་། བློ་འདོན་ཇུས་འབུལ་དང་གྲུབ་འབྲས་མངོན་པར་བྱེད་དགོས། ད་ལྟ་དངོས་སུ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་ལ་ཟུང་འབྲེལ་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་གསོ་སྦྱོང་བྱེད་པ་དང་ཏང་གི་གསར་གཏོད་གཞུང་ལུགས་ལ་འགྲེལ་བཤད་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། ཏང་གི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་དང་ཏང་ལ་ཇུས་འབུལ་བྱེད་པའི་ཁྲོད་ཀྱི་དཀའ་གནད་དང་ཉམས་ཞན་སར་དབྱེ་ཞིབ་ནན་མོ་བྱེད་པ་དང་། ཐག་གཅོད་བསམ་ཕྱོགས་དང་བྱ་བའི་བྱེད་ཐབས་ཞིབ་འཇུག་བྱས་ནས་ཕྱིར་འདོན་པ། སློབ་ཁྲིད་ཀྱི་སྤུས་ཚད་དང་ཚན་རིག་ཞིབ་འཇུག་གི་སྤུས་ཚད་མཐོར་འདེགས་གཏོང་བ། འཐབ་རྩོད་བྱེད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་སློབ་གྲྭའི་བྱ་བ་ཕྱོགས་ཡོངས་ནས་ལེགས་བསྒྱུར་དང་མཐོར་འདེགས་གཏོང་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭ་ནི་བདེན་ལུགས་ཀྱི་སྟོབས་ཤུགས་བརྒྱུད་སྒྲོག་བྱེད་པའི་གཡུལ་ས་ཡིན་ལ། ཏང་ནང་ཁུལ་གི་དར་སྲོལ་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་གཡུལ་ས་ཡང་ཡིན་པ་དང་། ཏང་གི་སློབ་གྲྭར་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནི་ཏང་གི་སློབ་གྲྭ་བསྒྲུབ་པའི་གཞི་རྩའི་བྱེད་ཕྱོགས་ཡིན། དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དེ་ཆབ་སྲིད་ཀྱི་ངེས་པར་དུ་ལན་འདེབས་དགོས་པའི་དྲི་ལན་དུ་བརྩི་བ་དང་། ཏང་གི་སློབ་གྲྭ་བཅོས་སྐྱོང་ནན་མོ་བྱེད་པའི་ཤུགས་ཡོད་བྱེད་ཐབས་སུ་བརྩི་བ། ཞན་ཆ་ཁ་གསབ་བྱེད་པ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དུ་བརྩི་བ། བསླབ་བྱ་བསྡུ་ལེན་དང་ཅིག་ཤེས་ཀུན་གྲོལ་བྱེད་པ། དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་སྡོམ་འཛིན་ནན་མོ་བྱེད་པ། ལམ་ལུགས་ལ་བརྟེན་ནས་སློབ་གྲྭ་དང་མི། བྱ་བར་དོ་དམ་བྱས་ཏེ། སྤུས་ཚད་མཐོ་བའི་བཅོས་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་སློབ་གྲྭ་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཨུའི་ཧྲུའུ་ཅི། ཏང་གི་སློབ་གྲྭའི་སློབ་གཙོས་ཏང་གི་སློབ་གྲྭ་བཟང་བོར་བསྒྲུབ་པ་དང་ཏང་གི་སློབ་གྲྭར་དོ་དམ་བྱེད་པ། ཏང་གི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་གཙོ་གཞི་འགན་འཁྲི་དང་འགན་འཁྲི་དང་པོ། ཐད་ཀར་གྱི་འགན་འཁྲི་ལག་བསྟར་བྱས་ནས། ཏང་གི་སློབ་གྲྭའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཀྲའོ་ཡུའེ་ཞ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། ཧྲུའུ་ཅི་ཁྲིན་ཀང་གི་གཏམ་བཤད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ལ། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་ཏང་གི་སློབ་གྲྭས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་རང་རྟོགས་མཐོན་པོས། ཏང་ཡོངས་ཀྱིས་ཏང་གི་སློབ་གྲྭ་བསྒྲུབ་པ་དང་ཏང་གི་སློབ་གྲྭའི་རུས་ཏང་ཡིན་པའི་བླང་བྱ་གལ་ཆེན་དེ་ཏང་གི་སློབ་གྲྭའི་སློབ་གྲྭ་བསྒྲུབ་པ་དང་སློབ་གྲྭ་བཅོས་སྐྱོང་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་དོན་འཁྱོལ་བྱེད་པ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རྒྱུགས་ལན་བཟང་བོ་འདེབ་པ། དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དམ་འཛིན་བྱེད་པ། ཕྱོགས་སོ་སོའི་ཆབ་སྲིད་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་བའི་རྣམ་པ་གསར་བ་བསྐྲུན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཏང་གི་སློབ་གྲྭའི་སྟོབས་ཤུགས་འབུལ་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གཉིས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ ཟི་ལིང་གྲོང་ཁྱེར་ཏང་ཨུ། ཧི་ནན་རྫོང་ཏང་ཨུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། གྲོས་ཚོགས་སྔོན་དུ། ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལོ་རྒྱུས་ཁང་དང་སྐྱེ་ཁམས་དཔལ་ཡོན་སློབ་དཔྱོད་པུའུ། མི་རིགས་ཆོས་ལུགས་སློབ་དཔྱོད་པུའུ་བཅས་ལ་རྟོག་ཞིབ་བྱས། ཀྲའོ་ཡུའེ་ཞ་དང་ཀྲུའུ་ཞང་ཧྥིན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།