ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་མཁན་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་ལ་མཇལ་འཕྲད་གནང་།
ལི་ཆང་གིས་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཕྱོགས་གཉིས་ཀས་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ།“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་གཙོ་གནད་དུ་བཟུང་ནས་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་པ་དང་ཚོང་དོན་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོར་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུས་པ་ཡིན། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཚོང་གཉེར་ཁོར་ཡུག་སྔར་ལས་གང་ལེགས་སུ་བཏང་ནས། ཀྲུང་གོའི་དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ནན་མོ་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀས་ཞིང་ལས་དང་ཐོན་ལས་གླིང་ཁུལ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕན་ཚུན་སྦྲེལ་མཐུད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རིག་གནས་དང་སློབ་གསོ། སྨན་བཅོས། མཛའ་མཐུན་ གྲོང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་ཞེས་གསུངས།
ལིས་ཆང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཁྱོན་ཡོངས་ཀྱི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གོ་སྐབས་གསར་པ་བསྐྲུན་རྒྱུ་རེད། ཐ་ཇིག་སི་ཐན་གྱིས་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
ལཱ་ཧི་མིན་གྱིས་ཐ་ཇིག་སི་ཐན་དང་ཀྲུང་གོ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་ལ། ཕན་ཚུན་ཕྱར་བ་གྲུ་འདེགས་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་ལྟ་བུ་ཡིན། འདས་ཟིན་པའི་ལོ་བཅུའི་རིང་ལ། ཐ་ཀྲུང་འབྲེལ་བ་མཐོ་ཚད་གསར་རྐྱང་ཞིག་ཏུ་འཕེལ་བ་དང་། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཀྲུང་གོའི་ལག་རྩལ་བསྡུ་ལེན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཐོན་ནུས་དང་ནུས་ཁུངས། ཞིང་ལས། ཆུ་བེད། ཕན་ཚུན་འབྲེལ་མཐུད། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།