ཀྲོ་ལི་ཅི་ཡིས་སེ་ནེ་ཀལ་དུ་རྒྱལ་དོན་འཚམ་འདྲི་གནང་།
2023.05.18 ཁུངས། ཀློག་གྲངས། 29

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། སེ་ནེ་ཀལ་རྒྱལ་དམངས་གྲོས་ཚོགས་ཀྱི་འགོ་གཙོ་ཏིས་ཨོ་ཕུའུ་ཡི་གདན་ཞུས་ལྟར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲོ་ལི་ཅི་ཚེས་བཅུ་བཞི་ནས་ཚེས་བཅུ་དྲུག་བར་དུ་སེ་ནེ་ཀལ་དུ་དངོས་སུ་རྒྱལ་དོན་འཚམ་འདྲི་མཛད་དེ། ཏ་ཁུ་ཨར་ནས་ཙུང་ཐུང་སཱ་ལེ་དང་རྒྱལ་དམངས་གྲོས་ཁང་གི་འགོ་གཙོ་ཏིས་ཨོ་ཕུའུ་ལ་མཇལ་འཕྲད་གནང་། 

མཇལ་འཕྲད་ཀྱི་སྐབས་སུ། ཀྲོ་ལི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམ་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་སྒྲོག་བྱས། ཀྲོ་ལི་ཅི་ཡིས་གསུང་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་སྣེ་ཁྲིད་དང་སྐུལ་འདེད་འོག་ཏུ། ཀྲུང་སེ་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་མེད་འཕེལ་རྒྱས་སུ་ཕྱིན་ཞིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་སོང་ནས། མངའ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འདོན་དང་དགོངས་པ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད། སེ་ནེ་ཀལ་གྱིས་ཀྲུང་གོའི་ཐེ་ཝན་དང་མི་དབང་། ཞིན་ཅང་དང་འབྲེལ་བའི་གནད་དོན་སོགས་ཐད་ཀྲུང་གོ་ཕྱོགས་ལ་རྩ་ཆེ་བའི་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ང་ཚོས་སེ་ནེ་ཀལ་ཕྱོགས་དང་དངོས་གཉེར་མཉམ་ལས་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལས་གཞི་དགུ་དང་། སེ་ནེ་ཀལ་དར་སྤེལ་འཆར་གཞི་དང་སྦྲེལ་མཐུད་བྱས་ཏེ། རིག་གནས་དང་སློབ་གསོ། སྨན་བཅོས་བཅས་ཀྱི་ཁྱབ་ཁོངས་སུ་བརྗེ་རེས་གཏིང་ཟབ་བྱེད་རྒྱུ་ཡིན། ཀྲུང་གོ་དང་སེ་ནེ་ཀལ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་གི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པས། གླེང་སྟེགས་ཀྱི་གྲུབ་འབྲས་དངོས་འབེབ་བཟང་བོ་བྱེད་དགོས་པ་དང་། ལག་གདང་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་མཉམ་ལས་དེར་རྣམ་དག་གི་བསམ་པ་དང་ཡང་དག་གི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཆབ་སྲིད་ཀྱི་ཆ་རྐྱེན་དང་དངུལ་སྒོར་གྱི་འཛིན་ཤོག་སོགས་ཀྱི་རེ་བ་ཅི་ཡང་མི་འདོན་པར། ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་འཕེལ་རྒྱས་མཉམ་ལས་ཐད་མུ་མཐུད་དུ་ཧུར་ཐག་གིས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།