ཞིང་ཆེན་སྲིད་གཞུང་གིས་བཅའ་ཁྲིམས་བློ་འདོན་པའི་གདན་བསྐོའི་མཛད་སྒོ་བསྡུས།
2023.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན།  ཞིང་ཆེན་སྲིད་གཞུང་གིས་བཅའ་ཁྲིམས་བློ་འདོན་པའི་གདན་བསྐོའི་མཛད་སྒོ་བསྡུས་ཏེ་བློ་མཐུན་བཅུ་གཉིས་ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདོན་པར་གདན་བསྐོ་བྱས་པ་དང་བློ་མཐུན་ཉེར་གཉིས་ཆེད་མཁས་པའི་མཛོད་ཀྱི་ཁོངས་མིར་གདན་བསྐོ་བྱས།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ཝུའུ་ཞའོ་ཅུན་མཛད་སྒོར་ཞུགས་པར་མ་ཟད།   གདན་བསྐོ་མི་སྣར་དཔང་ཡིག་ཕྱིན།  ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་ཡིས་མཛད་སྒོར་མགོ་འཛིན་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན།   སྲིད་གཞུང་གི་བཅའ་ཁྲིམས་བློ་འདོན་བྱ་བར་ཤུགས་སྣོན་པ་ནི་ཞི་ཅིན་ཕིང་གི་བཅའ་ཁྲིམས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།    ཁྲིམས་ལྟར་ཕྱོགས་ཡོངས་ནས་རྒྱལ་ཁབ་སྐྱོང་བའི་གནད་འགག་ཡིན་ལ།   ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ནང་དོན་གལ་ཆེན་ཞིག་ཡིན།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།   ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ།   སྲིད་གཞུང་གི་བཅའ་ཁྲིམས་བློ་འདོན་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ།   བཅའ་ཁྲིམས་བློ་འདོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།   ཞིང་ཆེན་སྲིད་གཞུང་གིས་ཚན་རིག་ལྟར་ཇུས་ཐག་གཅོད་པའི་བཅའ་ཁྲིམས་ཇུས་འདོན་པ་བཟང་བོ་དང་བཅའ་ཁྲིམས་ལག་རོགས་པ་བཟང་བོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གསར་པར་སྐུལ་འདེད་ནན་མོ་གཏོང་བའི་ཐད་ཁྲིམས་སྐྱོང་རིག་སྟོབས་དང་ཁྲིམས་སྐྱོང་སྟོབས་ཤུགས་འབུལ་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན།    ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདོན་པའི་འགན་ཁུར་བ་ནི་གཟི་བརྗིད་ལྡན་ལ་ལས་འགན་ལྕི་བས།  ཚང་མས་མཚན་སྙན་ལ་གཅེས་སྤྲས་དང་རང་འགན་གཙང་སྒྲུབ།   ཇུས་བཟང་མང་པོ་འདོན་དགོས།  ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་དགོས་པ་དང་།   བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ།   བྱ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད།   དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་ངོས་འཛིན་གཏིང་ཟབ་བྱེད་པ།   དོན་སྙིང་གལ་ཆེན་ལ་རྒྱུས་ལོན་བྱེད་པ།   བྱ་བའི་བླང་བྱ་གཏན་འཁེལ་གསལ་བོ་བྱེད་པ།   བཅའ་ཁྲིམས་ལག་ལེན་ལ་མཛུབ་སྟོན་དང་ལས་གནས་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ་རང་རྟོགས་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་བློ་དཀར་ལག་ལེན་པ་བཟང་བོ་བྱེད་དགོས།  ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་རྐང་བཙུགས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་སོགས་བྱ་བ་གཙོ་བོར་དམིགས་ནས་འབྲེལ་ཡོད་བཅའ་ཁྲིམས་ལས་གཞིར་ཞིབ་འཇུག་དང་བཅའ་ཁྲིམས་ཞབས་ཞུ་བཟང་བོར་སྤེལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཐོང་རྒྱ་ཡངས་པ་དང་ཆུ་ཚད་མཐོ་བ།  རིན་ཐང་ཆེ་བའི་དཔྱད་གཞི་འདོན་སྤྲོད་བྱེད་པ་དང་། རང་རྟོགས་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྐུལ་འདེད་པ་བཟང་བོ་བྱེད་དགོས། ཁྲིམས་སྐྱོང་དགོངས་དོན་དར་སྤེལ་དང་ཁྲིམས་སྐྱོང་དད་མོས་ཇེ་བརྟན་དུ་གཏོང་བ།   ཁྲིམས་སྲུང་བ་དང་ཁྲིམས་སློབ་པ། ཁྲིམས་བརྩི་བ། ཁྲིམས་བཀོལ་བ་བཅས་ཀྱི་སྣེ་ཁྲིད་པ་བཟང་བོ་བྱེད་པ་སོགས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་གྲུབ་པར་སྐུལ་འདེད་གཏོང་བ་དང་།   རང་རྟོགས་ངང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་པ་བཟང་བོ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་རིམ་པ་སོ་སོའི་སྲིད་གཞུང་ལས་ཁུངས་ཀྱིས་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བཅའ་ཁྲིམས་བློ་་འདོན་བྱ་བར་མཐོང་ཆེན་བྱེད་པ་དང་།   ལག་ལེན་ཁྲོད་བཅའ་ཁྲིམས་བློ་འདོན་བྱ་བ་འཐུས་ཚང་དུ་གཏོང་བ།  སྲིད་གཞུང་གི་བཅའ་ཁྲིམས་བློ་འདོན་དཔུང་སྡེ་འཛུགས་སྐྲུན་བཟང་བོ་དང་བཀོལ་སྤྱོད་བཟང་བོ། དོ་དམ་བཟང་བོ་བཅས་བྱེད་པ།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་བཏང་སྟེ་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

མཛད་སྒོའི་སྟེང་།    ཞིང་ཆེན་སྲིད་གཞུང་བཅའ་ཁྲིམས་བློ་འདོན་པའི་འཐུས་མིས་གཏམ་བཤད།

                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།