ཧན་ཀྲིན་གྱིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་ནས་ཀྲུང་གོར་ཀྲུང་གོ་དང་ཡེ་ཤ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པར་མ་ཟད་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལ་ཧི་མིན་གྱི་ཐེངས་འདིའི་འཚམས་འདྲི་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཙུང་ཐུང་སྐུ་ཞབས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་མ་འོངས་བའི་འཆར་འགོད་བཟོས་ནས། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་དུས་རབས་གསར་བར་ཞུགས་པར་སྐུལ་འདེད་གཏོང་རྒྱུ་རེད།  ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གཉིས་ནི་ལས་སྐལ་གཅིག་མཐུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་སུ་ཕན་བཏགས། མིག་སྔར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན་པ་དང་། ཀྲུང་གོས་ཐ་ཅི་ཁི་སི་ཐན་བར་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལ་ཧི་མིན་གྱིས་བསྟན་དོན། ད་ལོ་ནི་ཐ་ཅི་ཁི་སི་ཐན་དང་ཀྲུང་གོའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་པ་དང་། མིག་སྔར་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མ་ཆད་པར་མདུན་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཐ་ཅི་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་དབུས་རྒྱུད་ཀྱི་མཐོ་རིམ་གླེང་སྟེགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐེམ་སྐས་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།