ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་ཨན་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་མཁན་ཅིར་ཅི་ཟི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་ན་ནིང་ང་ཚོ་ཐུག་འཕྲད་ཐེངས་གཉིས་བྱེད་སྐབས། ཀྲུང་གོ་དང་ཅིར་ཅི་ཟི་ཟི་ཐན་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དོན་འཁྱོལ་ནུས་ལྡན་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན། ཀྲུང་གོ་དང་ཅིར་ཅི་ཟི་ཟི་ཐན་བར་གྱི་འབྲེལ་བས་ལོ་ངོ་སོ་གཅིག་ལྷག་གི་འཕེལ་རྒྱས་ལམ་བུ་བརྒྱུད་ཟིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་ཟི་ཟི་ཐན་ཕྱོགས་དང་མཉམ་དུ། ཁྱིམ་མཚེས་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད་ཀྱི་ཀྲུང་གོ་དང་ཅིར་ཅི་ཟི་ཟི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་དང་དར་རྒྱས་གཏོང་རོགས་བྱ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་གིས་ཀྲུང་གོ་དང་ཅིར་ཅི་ཟི་ཟི་ཐན་བར་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ནས། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གཙིགས་ཆེན་བྱེད་པའི་གྲོགས་པོ་བཟང་པོ་ཞིག་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས། ཁྱབ་ཁོངས་སོ་སོའི་ དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དམངས་འཚོའི་ལས་གཞི་འཛུགས་སྐྲུན་དང་། དབུལ་སྐྱོར་དང་དབུལ་པོ་ཇེ་ཉུང་གཏོང་། གྲོང་གསེབ་དར་སྤེལ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། དྲ་སྦྲེལ་བརྗེ་རེས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་གང་མགྱོགས་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་ཐན་གྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་སྔར་ལས་གང་མང་ནང་འདྲེན་བྱས་ནས། ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཅིར་ཅི་སི་སི་ཐན་དུ་མ་དངུལ་བཏང་ནས་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀས་ད་དུང་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་མི་ཆོས་རིག་གནས་བརྗེ་རེས་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་འཛུགས་སྐྲུན་ལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་གསུངས།
ཀྲ་ཕ་ལའོ་ཧྥུའུ་ཡིས་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཁེ་ལས་ལ་བདེ་འཇགས་ཀྱི་དངུལ་གཏོང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། དེ་རིང་ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐད་དངོས་སུ་གྲོས་མཐུན་བྱུང་བ་དང་། ལས་དོན་དེས་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བསྟན།
གྲོས་མོལ་ཚར་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་བསྒྲགས་གཏམ》ལ་མཚན་རྟགས་བཀོད་པར་མ་ཟད། དཔལ་འབྱོར་ཉོ་ཚོང་དང་ཐོན་ལས། དངུལ་གཏོང་། འགག་སྒོ ཞིང་ལས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་།
ཚའེ་ཆི་དང་ཝང་དབྱི། ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།