ཝང་ཧུའུ་ཉིང་གིས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.05.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་བཅུ་དགུ་ཉིན་པེ་ཅིང་དུ་ཀྲུང་གོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་གྲོས་མོལ་མཛད་ནས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འབྲེལ་བ་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། བདེ་འཇགས་མཉམ་ལས་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་ཐབས་ལམ་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་དང་འགྲོ་འོང་ལ་ཤུགས་སྣོན་བསྣན་ནས་ཁྱིམ་མཚེས་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་དབང་གཅིག་མཐུན་ཐད་སྟོབས་ཤུགས་འབུལ་འདོད་ཡོད་ཅེས་གསུངས།

ཀྲ་ཕ་ལའོ་ཧྥུའུ་ཡིས་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་རླབས་ཆེན་བླངས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་རྒྱལ་ཁབ་ཀྱི་དངོས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད་ཐོབ་པར་ཡིད་ཆེས་བརྟན་པོ་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཧྲིན་ཡུའེ་ཡུའེ་སོགས་མཇལ་འཕྲད་ལ་ཞུགས།

                                                                     ཤ་བོ་གསེར་མཚོས་བསྒྱུར།