ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་འགོ་བརྩམས་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་དམིགས་འབེན་ལག་བསྟར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ་དང་། ཏང་ཡོན་ལས་བྱེད་པས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱས་ལ། བརྗོད་དོན་སློབ་གསོའི་གྲུབ་འབྲས་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་བྱེད་པའི་ལག་ལེན་གཙོ་བོའི་ཁྲོད་མངོན་པར་བྱས་ཏེ། སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་འཕྲལ་བསྟུན་ཆ་འཕྲིན་སྤེལ་བའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད།
ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཏང་ཙུའུ་ཡིས་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་ཐད་ཤུགས་སྣོན་རྒྱུ་དེ་ཆབ་སྲིད་ཀྱི་བཟོ་སྐྲུན་དང་སྤྱི་ཚོགས་ཀྱི་བཟོ་སྐྲུན། དམངས་ཚིས་ཀྱི་བཟོ་སྐྲུན། རིག་གནས་ཀྱི་བཟོ་སྐྲུན། གྲོང་གསེབ་དར་སྤེལ་གྱི་བཟོ་སྐྲུན་དུ་བརྩིས་ནས། རིམ་པ་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་བསྣན་ཞིང་། སྟོབས་ཤུགས་ཡོད་རྒུས་ལག་བསྟར་ལ་སྐུལ་འདེད་བཏང་ནས། འཕྲལ་བསྟུན་རྒྱང་སྒྲོག་བཀོལ་ཐུབ་པ་དང་གོ་ཆོད་པར་ཁག་ཐེག་བྱས། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་གི་ད་ལྟའི་གནས་བབ་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། དེའི་རྨང་གཞིའི་སྟེང་ཕྱོགས་སོ་སོའི་བསམ་ཚུལ་བསྡུ་ལེན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་གྲུབ་པར་བྱས་པར་མ་ཟད་ཕྱིར་བཏོན་པ་དང་། འཕྲལ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་དང་དོ་དམ། བཀོལ་སྤྱོད། མཉམ་བསྲེས་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པར་གཅིག་འདོམས་བྱས། རྫོང་གི་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་སོ་བརྒྱད་འཛུགས་སྐྲུན་བྱས་པའི་རྨང་གཞིའི་སྟེང་། ནོར་སྲིད་ཀྱི་ཁ་གསབ་མ་དངུལ་བརྩོན་ལེན་བྱས་ཏེ། ཞིང་ཆེན་རིམ་པའི་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་ལས་གཞི་ལ་སྐུལ་འདེད་བཏང་། ཞོན་ཧྭ་རྫོང་དང་ལི་ཏུའུ་ཆུའུ། ཕེན་ཨན་ཆུའུ་གསུམ་གྱི་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་མུ་མཐུད་དུ་འཛུགས་སྐྲུན་བྱས་པ་དང་། གསར་བརྗེ་ཁུལ་རྙིང་དང་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ། མཐའ་མཚམས་ས་ཁུལ་དང་འཕེལ་རྒྱས་མིན་པའི་ས་ཁུལ་གྱི་རྫོང་རིམ་པའི་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། ལས་གཞི་རྫོང་གིས་འཆར་གཞི་ལྟར་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།
དེ་དང་མཉམ་དུ། འཕྲལ་བསྟུན་རྒྱང་སྒྲོག་གི་འཁོར་རྒྱུག་སྲུང་སྐྱོབ་དང་དོ་དམ་ལ་ཤུགས་བསྣན་པ་དང་། ཞིང་ཆེན་གྱི་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་སྲུང་སྐྱོབ་དོ་དམ་བྱ་བའི་ཆེད་དོན་ཚན་ཁག་བཙུགས་ལ། ཕྱོགས་བསྡུས་འཁོར་སྲུང་གི་ཞབས་ཞུའི་མ་དཔེ་བཙུགས་ནས། འཕྲལ་བསྟུན་རྒྱང་སྒྲོག་གིས་མང་ཚོགས་ལ་འབྲེལ་མཐུད་བྱེད་པའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་ཁྱད་འཕགས་དྲིལ་སྒྲོག་གཡུལ་སའི་ནུས་པ་འདོན་སྤེལ་བྱས། མིག་སྔར་བར་དུ། ཞིང་ཆེན་ཡོངས་སུ་ཁུལ་རིམ་པའི་འཕྲལ་བསྟུན་རྒྱང་སྒྲོག་སྟེགས་བུ་དྲུག་དང་རྫོང་རིམ་པའི་འཕྲལ་བསྟུན་རྒྱང་སྒྲོག་སྟེགས་བུ་སོ་བརྒྱད་འཛུགས་སྐྲུན་བྱས་པ་དང་། དང་ལེན་མཐའ་སྣེ་ཁྲི་བཞི་དང་སྟོང་དགུ་ལྷག་བཀོད་སྒྲིག་བྱས་ནས། རོང་འབྲོག་ཁུལ་གྱི་སྲིད་འཛིན་སྡེ་བའི་ཁྱིམ་ཕྱིའི་མཐའ་སྣེ་ཡོངས་སུ་ཁེབས་པར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་གནོད་འཚེའི་ཉེན་བརྡ་དང་སྲིད་དོན་ཆ་འཕྲིན་སྒྲོག་སྤེལ། སྲིད་ཇུས་དྲིལ་སྒྲོག་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།
རིན་ཆེན་མཚོས་བསྒྱུར།