ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་བརྗོད་དོན་སློབ་གསོ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་པ་དང་། ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བར་དམ་དུ་དམིགས་ལ། རང་སྟེང་གི་གནས་ཚུལ་དངོས་ལ་རྐང་བཙུགས་པ་དང་། བྱེད་ཐབས་སྣ་བཞི་ལ་ཤུགས་བསྣན་ནས། སྤུས་མཐོ་ཕན་ལྡན་སྒོས་བརྗོད་དོན་སློབ་གསོ་སྤེལ།
བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་རྒྱབ་རྟེན་དུ་བྱས་པ་དང་། འགོ་ཁྲིད་ཀྱིས་འགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ཆེད་དོན་ཟུར་ཁྲིད་བྱེད་པ། གྲོས་སྡུར་གཏམ་བཤད་བྱེད་པ། ཚན་ཆུང་བགོས་ནས་རང་སྦྱོང་བྱེད་པ། ཡུལ་དངོས་ནས་སློབ་ཁྲིད་བྱེད་པ། ཉེན་བརྡ་སློབ་གསོ་བཅས་རྣམ་པ་སྣ་མང་སྤྱད་དེ། ཏང་འཛུགས་བྱ་བ་དང་ལས་སྒོའི་བྱ་བ་མཉམ་བསྲེས་དམ་ཟབ་བྱས་པ་དང་། ཧྲུའུ་ཅིའི་གྲོས་སྡུར་ཆེད་དོན་གྲོས་ཚོགས་བསྡུས་ལ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། བྱ་བར་མཛུབ་ཁྲིད་བྱས་ལ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ། ཚོང་རའི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱསཔ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བའི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས། བྲེལ་མྱུར་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་།
གོང་རིམ་གྱི་བཀོད་སྒྲིག་རེ་བར་གོ་བ་ཡང་དག་ལེན་པ་དང་། ལག་བསྟར་ཇུས་གཞི་ཇེ་ཞིབ་ཏུ་གཏོང་བ། སྐུལ་འདེད་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་འགག་གནད་ཁོང་དུ་ཆུད་པར་བྱེད་པ། བརྗོད་དོན་སློབ་གསོའི་བྱ་བའི་དྲན་སྐུལ་ཉེར་གསུམ་གཏན་འབེབས་བྱེད་པ། དུས་ཐོག་ཏུ་བྱ་བའི་སྣེ་སྟོན་སྒྲིག་བཟོ་འགྲེམ་སྤེལ་བྱེད་པ། ལས་འགན་སྣ་ཚོགས་བྱེ་བྲག་གི་བྱ་བ་དང་བྱེ་བྲག་གི་མི། བྱེ་བྲག་གི་དུས་ཚོད་སྟེང་དོན་འཁྱོལ་བྱེད་པ་བཅས་བྱས་ནས། འགན་འཁྲི་ལས་འགན་བགོ་བཤའ་དང་སྐུལ་འདེད་བྱེད་ཐབས་ཀྱི་གསལ་ཁྲ་ཡོད་པར་བྱས། དེ་དང་མཉམ་དུ། བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་རང་འགན་རང་སྒྲུབ་བྱས་པ་དང་། གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་སྐུལ་སྤེལ་བྱས་ཏེ། བརྗོད་དོན་སློབ་གསོ་ཤུགས་ཡོད་པདང་གོ་རིམ་ལྡན་པ། སྤུས་ཚད་མཐོ་བ་དང་ཕན་པ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱས།
ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཏང་ཙུའུ་ཡིས་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་བླངས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལས་གཅིག་འགན་གཉིས་ལག་བསྟར་ནན་མོ་བྱེད་པ་དང་། གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་གསལ་ཁྲར་དབྱེ་ཞིབ་ནན་མོ་བྱེད་པ། སློབ་སྦྱོང་བྱེད་ཞོར་དུ་ཤན་སྦྱར་དང་ལྟ་ཞིབ། དག་ཐེར་ལེགས་བཅོས་བྱས་ནས། གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་འགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས། དེ་དང་མཉམ་དུ། བརྗོད་དོན་སློབ་གསོ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ནས་ལྟ་ཞིབ་མཛུབ་སྟོན་བྱེད་པ་དང་། དུས་ཐོག་ཏུ་གནད་དོན་དང་མི་འདང་ས་འཚོལ་བ། ཡུལ་དངོས་ནས་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་འདོན་པ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་བར་ཁག་ཐེག་བྱེད་རྒྱུའི་རེ་བ་བཏོན།
ལས་སྲོལ་འཛུགས་སྐྲུན་གྱི་ལོ་གསུམ་མཁྲེགས་གཏོར་ཆེད་དོན་འགུ་སྐྱོད་སྤེལ་རྒྱུ་དེ་བརྗོད་དོན་སློབ་གསོའི་བྱེད་ཐབས་གལ་ཆེན་དང་ཕན་ཡོད་འདྲེན་བྱེད་དུ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོང་ར་ལྟ་སྐུལ་དོ་དམ་མ་ལག་གི་ལས་སྲོལ་འཛུགས་སྐྲུན་ལོ་གསུམ་མཁྲེགས་གཏོར་ཆེད་དོན་འགུལ་སྐྱོད་ཀྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ལ། ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ལས་སྲོལ་ཉམས་ཞན་ཡིན་པའི་བྱ་རིམ་་དང་འབུར་ཐོན་གནད་དོན་གཙིགས་འཛིན་བྱས་པ་དང་། མཆན་འགོད་ཞབས་ཞུ་དང་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ། སྲིད་འཛིན་ཁྲིམས་འཛིན་གྱི་མཁྲེགས་གཏོར་བྱ་བ་གསུམ་ལ་དམ་དུ་དམིགས་ཤིང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་སྲོལ་དམ་འཛིན་དང་སྤྱོད་ཚུལ་ལ་སྐུལ་འདེད་བཏང་བ་དང་ལས་སྲོལ་ཡོ་བསྲང་བྱས་ལ། སེམས་ཤུགས་གཅིག་སྒྲིལ་གྱིས་ཚོང་རའི་གཙོ་གཞི་དང་ལས་སྒྲུབ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཆེད་དོན་སློབ་གསོའི་ཐད་ནས་མདུན་གྲས་སུ་བསྐྱོད་པ་དང་ཁྱད་ཆོས་བསྐྲུན་པ། ཕན་འབྲས་ལེན་པར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།