ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་།
2023.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན། ཞི་ཨན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་རྒྱལ་ཁའི་ངང་བསྡུས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅི་ཡུའེ་ཡེ་ཧྥུའུ་བཅས་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་འདིའི་སྔོན་ཏག་ཏག་ལ་ང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་གྱིས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་རྒྱལ་ཁའི་ངང་བསྡུས། ང་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་། ཕྱོགས་གཉིས་ཀའི་མཉམ་ལས་ཀྱི་གྲུབ་འབྲས་ལ་གསེད་དཀྲོལ་གང་ལེགས་བྱས་ལ། ཉམས་མྱོང་བཟང་བོར་སྤྱི་སྡོམ་བྱས་པར་མ་ཟད། ཐུན་མོང་གི་ངོས་འཛིན་གསར་པ་གཅིག་སྡུད་བྱས།  ང་ཚོས《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ཀྱི་ཞི་ཨན་བསྒྲགས་གཏམ》ལ་མཉམ་དུ་མིང་རྟགས་བཀོད་པ་དང་། རྩེ་ཚོགས་ཀྱི་གྲུབ་འབྲས་གསལ་ཐོ་བརྒྱུད་དེ། འབྱུང་འགྱུར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ལོ་བརྒྱའི་རིང་གི་འགྱུར་ལྡོག་ཆེན་པོ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་དམིགས་ཏེ། ང་ཚོས་དཔུང་བ་མཉམ་གཤིབ་སྒོས་འགྲན་སློང་བསུས་ནས། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་བསྟན་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་རྩེ་ཚོགས་ཀྱིས་རྒྱལ་ཁབ་སོ་སོའི་མཉམ་ལས་ཐད་མགོ་ཡག་པོ་ཞིག་བཙུགས་ཡོད། ཚང་མས་མཉམ་དུ་འབད་བརྩོན་བྱས་པ་ཡིན་ན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བའི་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤགས་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། རྒྱལ་ཁབ་དྲུག་འཕེལ་རྒྱས་དང་དར་རྒྱས་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་གི་ཆེད་དུ་དྲང་ནུས་ཆེན་པོ་སྣོན་ཐུབ་ངེས་ཡིན་ཞེས་གསུངས།

ཚའེ་ཆི་དང་ཝང་དབྱི། ཆིན་ཀང་སོགས་ཐེངས་འདིའི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།