མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་ཀུན་སྤྱོད་སློབ་གསོ་དང་མི་གཙོ་བོར་འཛིན་པའི་རྩ་བའི་ལས་འགན་ལ་རྐང་བཙུགས་ནས་བརྗོད་དོན་སློབ་གསོ་སྤེལ།
2023.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 139

ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གཉིས་ཀྱི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་མཉམ་སྦྱོང་བྱ་འགུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྡུལ་ཕྲན་མཁར་དུ་བསྡུས། བྱ་འགུལ་སྐབས་སུ། མཉམ་སྦྱོང་ཁོངས་མི་ཡོངས་ཀྱིས་རྡུལ་ཕྲན་མཁར་གྱི་རྗེས་དྲན་ཁང་ལ་བལྟས་པ་དང་། མཉམ་དུ་སྒྲོག་འགྲེལ་སློབ་ཁྲིད་དེ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་དར་སྤེལ་བྱེད་ཅེས་པར་ཉན་པར་མ་ཟད། བརྗོད་དོན་སློབ་གསོའི་མཉམ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་དང་བརྟག་བཤེར་ཞིབ་འཇུག་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པ་སོགས་ཟུང་འབྲེལ་བྱས་ནས་མཉམ་དུ་ལག་བསྟར་བྱས་ཏེ།  བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

མར་ཁེ་སི་རིང་ལུགས་སློབ་གླིང་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡིས་བསླབ་ཚན་དང་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། ལྟེ་གནས་ཚན་ཆུང་དང་ཏང་ཀྲི་པུའུ་ཡི་གཞུང་ལུགས་སློབ་སྦྱོང་། ཆེད་དོན་རྟོག་ཞིབ་སོགས་ཀྱི་ཐད་རེ་བ་གསལ་བོ་བཏོན་པ་དང་། ཏང་ཡོན་དགེ་སློབ་དང་དགེ་རྒན་གྱིས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་ལག་ལེན་ལ་མཛུབ་ཁྲིད་བྱེད་པར་སྣེ་ཁྲིད་བྱས། ཁོངས་གཏོགས་ཚོད་ལྟའི་སློབ་འབྲིང་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་གི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་སློབ་གཙོའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པ་གཙོར་བྱས་ནས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་དང་རྩ་འཛུགས་ཐད་ཀྱི་བྱེད་ནུས་ཇེ་དྲག་ཏུ་གཏོང་བར་འབད་འཐབ་བྱས།

སློབ་གྲྭའི་ཏང་ཨུས་གཞུང་ལུགས་སློབ་སྦྱོང་ཞིབ་སྡུར་ཇུས་གཞི་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་པ་དང་། ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ། ཆེད་དོན་ཞིབ་སྡུར་སོགས་བསྡུས་ནས། རྣམ་པ་མང་པོ་སྤྱད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞུང་ལུགས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས། ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་དེ་བརྗེ་རེས་བགྲོ་གླེང་བྱས་པ་དང་། ངོས་ཟིན་དང་མྱོང་ཚོར་གླེང་ནས། རྒྱ་ཆེའི་ཏང་ཡོན་དགེ་སློབ་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པར་སྣེ་ཁྲིད་བྱས། རིམ་པ་སོ་སོའི་རྩ་འཛུགས་ཀྱིས་གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་དང་བརྗོད་དོན་ཏང་གི་ཉིན་མོ་སོགས་ལ་རྒྱབ་བརྟེན་ནས། ལས་ཁུངས་ཀྱི་འཆད་སྟེགས་ཆེན་མོ་དང་འཛམ་གླིང་དཔེ་ཀློག་ཉིན་མོའི་མུ་འབྲེལ་བྱ་འགུལ་སོགས་སྤེལ་ནས། གཞུང་ལུགས་སློབ་སྦྱོང་གི་རྣམ་པ་དང་འདྲེན་བྱེད་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཀུན་སྤྱོད་སློབ་གསོ་དང་མི་གཙོར་འཛིན་པའི་རྩ་བའི་ལས་འགན་ལག་བསྟར་་བྱེད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། དཔེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པ་བཅས་ལ་གཙིགས་འཛིན་བྱས་པ་དང་། ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་རེ་རེ་ཡིས་དཔྱད་གཞི་གཅིག་ལ་དམིགས་ནས་ཆེད་དོན་རྟོག་ཞིབ་སྤེལ་ནས། འགོ་ཁྲིད་ལས་བྱེད་པ་ཡོངས་སུ་ཁེབས་པ་དང་བྱ་བའི་ཁྱབ་ཁོངས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། སློབ་གྲྭའི་ཏང་ཨུའི་འགན་ཁུར་མི་སྣ་གཙོ་བོས་འགོ་ཁྲིད་དེ་ས་ཚིགས་རང་བཞིན་གྱི་སློབ་མའི་སྡོད་ཁུལ་འཛུགས་སྐྲུན་གྱི་ཆེད་དོན་རྟོག་ཞིབ་སྤེལ་བ་དང་། དགེ་སློབ་ཚོའི་བསམ་འཆར་ལ་ཉན་ཞིང་། དངོས་སུ་གནད་འགག་ཇུས་གཞིར་འགན་སྲུང་བྱས་ཏེ། བྱ་བ་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་།

མི་དོན་ཁྲུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་སློབ་རའི་འཇོན་མི་ནང་འདྲེན་བྱ་འགུལ་ལ་བརྟེན་ནས། བྱ་བའི་ཆེད་དོན་ཚན་ཆུང་བཙུགས་ཏེ་པེ་ཅིང་དང་ཝུའུ་ཧན། ཞི་ཨན་སོགས་གྲོང་ཁྱེར་དུ་སོང་ནས་ཡུལ་དངོས་ནས་འཇོན་མི་ནང་འདྲེན་བྱས། སློབ་མའི་ལས་ཞུགས་མཛུབ་སྟོན་ལྟེ་གནས་ཀྱིས་ཧུའུ་ཀྲིག་ནས་མཛེས་སྡུག་གི་ཀྲུང་གོ་མཐོང་བ་ཞེས་པའི་སློབ་གྲྭ་ཆེན་མོ་བའི་ཆེད་དོན་མི་བསྡུ་ཚོགས་འདུ་བསྡུས་པ་དང་། སློབ་གླིང་སོ་སོས་ཁེ་ལས་ལ་འཚམས་འདྲི་བྱས་ནས་ལས་རྐང་རྒྱ་བསྐྱེད་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་སྤེལ་ནས། མཐར་ཕྱིན་སློབ་མ་སྔ་མོ་ནས་ལས་ཞུགས་ལག་ལེན་ཁྲོད་ཞུགས་པ་དང་། སྔ་མོ་ནས་ལས་ལུགས་ལས་རྐང་འདེམ་པར་རོགས་རམ་བྱས།

རིན་ཆེན་མཚོས་བསྒྱུར།