ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།
2023.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

《བསམ་འཆར》ལས་བསྟན་དོན། གཞི་རྩའི་རྒན་གསོའི་ཞབས་ཞུས་རྒས་དུས་འཚོ་རྟེན་ཡོད་པའི་ཁྲོད་དུ་རྨང་གཞིའི་རང་བཞིན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་མི་འབོར་ལོ་ལོན་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་འབད་པས་ལག་བསྟར་བྱས་ནས། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་མངོན་འགྱུར་ཡོང་བར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན།

《བསམ་འཆར》ལས་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ལོ་ལོན་ཡོངས་ལ་ཁེབས་པ་དང་། དབང་ཆ་དང་འགན་འཁྲི་གསལ་བ། འགན་ལེན་འོས་འཚམ་ཡིན་པ། རྒྱུན་མཐུདཔ་་བཅས་ཀྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། ལོ་ལོན་རྒན་པའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

《བསམ་འཆར》ལས་གཞི་རྩའི་རྒན་གསོའི་ཞབས་ཞུ་ཞེས་པ་ནི་རྒྱལ་ཁབ་ཀྱིས་ཐད་ཀར་མཁོ་འདོན་བྱས་པའམ་ཡང་ན་བྱེད་ཐབས་ངེས་ཅན་ཞིག་གི་སྟེང་ནས་འབྲེལ་ཡོད་རང་བདག་གིས་ལོ་ལོན་ལ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་ན་རྒྱབ་རྟེན་ཡོད་པ་བཅས་ཀྱི་རྨང་གཞིའི་རང་བཞིན་དང་ཡོངས་ཕན་རང་བཞིན། མས་སྐྱོར་རང་བཞིན་བཅས་ཀྱི་ཞབས་ཞུ་མངོན་འགྱུར་བྱ་རྒྱུ་དེ་ཡིན་ལ། དེའི་ཁྲོད་དུ་དངོས་པོའི་རོགས་རམ་དང་ལྟ་སྐྱོང་ཞབས་ཞུ། གཅེས་སྐྱོང་ཞབས་ཞུ་སོགས་ཀྱི་ནང་དོན་འདུས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།