བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་མཛད་རྗེས་ཀྱི་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས།
2023.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་རྩ་འཛུགས་བྱ་བའི་ཕུལ་བྱུང་ལས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་མཛད་རྗེས་ཀྱི་སྙན་ཞུ་ཚོགས་འདུ་ཐོག་མ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཀྲུང་དབྱང་བརྗོད་དོན་སློབ་གསོའི་མཛུབ་སྟོན་ཚན་ཆུང་བཅུ་བཞི་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས།

སྙན་སྒྲོན་ཚོགས་འདུའི་སྟེང་བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་མཛད་རྗེས་ཀྱི་བརྙན་ཐུང《རེ་འདུན》ཞེས་པར་བལྟས་པ་དང་། སྙན་ཞུ་ཚོགས་པའི་ཁོངས་མི་ལྔ་ཡིས་སོ་སོར་ཚེ་སྲོག་གིས་བློ་དཀར་ལ་བདེན་དཔང་བྱེད་ཅེས་པ་དང་། རྩ་འཛུགས་འཐབ་ཡུལ་གྱི་དངོས་སྒྲུབ་པ། བརྩེ་བ་དྲོན་མོ་མཐོ་སྒང་ཡོངས་ལ་ཁྱབ། མི་ཚེ་ཐུང་ཡང་དྲན་པ་ཟབ།  ལང་ཚོའི་འོད་སྣང་འགྱོད་མེད་ཀྱི་མིག་ཟུང་ཁྲོད་དུ་རྣམ་པར་བཞད་བཅས་ཁ་བྱང་དུ་བྱས་ཏེ། བློ་མཐུན་ཀྲུའུ་ཀྲི་གོ་ཡི་སེམས་འགུལ་ཐེབས་པའི་མཛད་རྗེས་རྗེས་དྲན་བྱས།  ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་མཛད་རྗེས་དང་བླ་ན་མཐོ་བའི་སྙིང་སྟོབས་ཤུགས་ཆེན་པོས་དྲིལ་སྒྲོག་དང་དར་སྤེལ་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུས་བརྗོད་དོན་སློབ་གསོ་སྤེལ་བའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱེད་པའི་གཞི་རྩའི་ལག་ལེན་ཡིན་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་མིག་དཔེ་དང་། རང་འགུལ་ཁག་ཁུར་ལ་སྐུལ་སློང་བྱེད་པའི་དངོས་གཉེར་བྱེད་ཐབས་ཀྱང་ཡིན།

ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཀྲུའུ་ཀྲི་གོ་ལྟར་དགོངས་པ་སློབ་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བསླབ་ནས་བཀོད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། བློ་མཐུན་ཀྲུའུ་ཀྲི་གོ་ལྟར་ཏང་གཤིས་བསྐྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པ། གཏན་ཕབ་གཉིས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ཇེ་བརྟན་དང་། ཏང་ལ་བློ་དཀར་བར་བྱེད་དགོས། བློ་མཐུན་ཀྲུའུ་ཀྲི་གོ་ལྟར་ལག་ལེན་གཙོར་བཟུང་སྟེ། ལས་དོན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཤུགས་དྲག་ཏུ་བཏང་ནས། དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བའི་གྲུབ་འབྲས་དངོས་བླངས་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། བློ་མཐུན་ཀྲུའུ་ཀྲི་གོ་ལྟར་བྱས་རྗེས་བཞག་སྟེ། ཡར་སྐྱེད་བརྩོན་ལེན་བྱས་ནས། འབད་འཐབ་ཧུར་ཐག་དང་སྙིང་རུས་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་བྱ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་དགོས་ཟེར། 

སྙན་སྒྲོག་ཚོགས་པས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་དུ་དྲིལ་སྒྲོག་ལས་དོན་སྤེལ་རྒྱུ་རེད།

                                                                                               རིག་འཛིན་སྒྲོལ་མས་བསྒྱུར།