རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མིན་ཚན་རིག་ཨང་རྟགས་དང་པོ་ཞེས་པའི་འཁོར་སྐར་ཞིབ་འཇུག་བཟོ་སྐྲུན་ལ་ཞུགས་པའི་ཨོ་མིན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་འཐུས་མིར་བསྐུར་བའི་འཕྲིན་ལན་ལ་ཚུར་སྣང་ཆེན་པོ་བྱུང་།
2023.05.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 175

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་ཨོ་མིན་ཚན་རིག་ཨང་རྟགས་དང་པོ་ཞེས་པའི་འཁོར་སྐར་ཞིབ་འཇུག་བཟོ་སྐྲུན་ལ་ཞུགས་པའི་ཨོ་མིན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་འཐུས་མིར་འཕྲིན་ལན་བསྐུར་ནས། ཁོ་ཚོར་སྙིང་ཉེ་བའི་སྐུལ་མ་བཏང་། ཨོ་མིན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་འཐུས་མིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་ནས་སྐུལ་མ་ཆེན་པོ་ཐེབས་སོང་། ཁོ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རེ་བ་སྟོང་ཟད་དུ་མ་བཏང་བར། མུ་མཐུད་དུ་རྒྱལ་གཅེས་ཨོ་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱས་ཤིང་། ཧུར་ཐག་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ནང་འདྲེས་པར་བྱེད་པ་དང་། ཧུར་ཐག་སྒོས་མེས་རྒྱལ་གྱི་ཚན་རིག་ཞིབ་འཇུག་གི་འཛུགས་སྐྲུན་ཁྲོད་ཞུགས་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།