ཧན་ཀྲིན་གྱིས་ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ལ་མཇལ་འཕྲད་གནང་།
2023.05.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 8

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་པེ་ཅིང་ནས་ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཏི་མཱེ་ཁི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་གསུངས་དོན། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡཱ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་རྣམ་པ་བཟང་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། ངེས་པ་དོན་གྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་བསྐྲུན་ཡོད། ཨེ་ཙེ་ཨོ་ཕི་ཡཱ་ཡིས་ཀྲུང་གོ་ཕྱོགས་ཀྱིས་རང་གི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྱང་བློ་བརྟན་འགྱུར་མེད་ཀྱིས་ཨེ་ཙེ་ཨོ་ཕི་ཡཱ་ཡིས་མཐུན་སྒྲིལ་ཞི་བདེ་སྲ་བརྟན་དུ་གཏོང་བ་དང་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད།

ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བཞིན་ཡོད་ལ། ཨེ་ཙེ་ཨོ་ཕི་ཡཱ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་གཞི་རབ་དང་རིམ་པ་དངོས་འབེབས་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དང་། དཔལ་ཡོན་བརྗེ་རེས་དང་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་ཞོར་དུ། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་འདོད་ཡོད་ཟེར།

ཏི་མཱེ་ཁི་ཡིས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་གཞི་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱེད་པ་དང་དེ་དངོས་འབེབས་བྱེད་པར་ཟབ་ཞུགས་བྱེད་འདོད་ཡོད། ཨེ་ཙེ་ཨོ་ཕི་ཡཱ་ཡིས་ཀྲུང་གོ་ནི་རང་བདག་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་ལ། ཀྲུང་གོའི་ཁེ་ལས་དག་ཨེ་ཙེ་ཨོ་ཕི་ཡཱ་རུ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།