ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་མཚོ་སྔོན་དང་ཀན་སུའུ་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དོན་འཁྱོལ་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དང་ཧི་པེ། ཧྲན་ཞི། ཧྲའན་ཞི་སོགས་ས་ཆར་གཟིགས་ཞིབ་མཛད་སྐབས་དང་སྙན་ཞུ་ལ་ཉན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རྗེས་འདེད་སློབ་སྦྱོང་བྱེད་པ་དང་། རྒྱུན་རྣམ་སྒོས་ཕྱིར་བལྟ་བྱས་ནས། ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་དགོས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོར་དམ་དུ་དམིགས་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལྗང་མདོག་དང་ཐཱན་དམའ་འཁོར་རྒྱུག་གི་དེང་རབས་ཐོན་ལས་མ་ལག་བཙུགས་ཏེ། མཁར་གྲོང་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་ལྗང་མདོག་ཐཱན་དམའ་རུ་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་ཚན་རིག་གཞུང་ལུགས་ཁྲོད་ཆོས་ཉིད་རྟོགས་པ་དང་ཁ་ཕྱོགས་གསལ་བ། བྱེད་ཐབས་སློབ་པ། རིག་སྟོབས་སྐྱེད་དེ། ཆབ་སྲིད་ཀྱི་ནུས་པ་དང་བསམ་གཞིགས་ནུས་པ། ལག་ལེན་ནུས་པ་མཐོར་འདེགས་གཏོང་དགོས། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། བདེན་འཚོལ་དངོས་གཉེར་དང་བདེན་འཛིན་དངོས་སྒྲུབ་བྱས་ཏེ། ལག་ལེན་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་ལས་འབྲས་དངོས་གསར་སྐྲུན་བྱེད་དགོས། སྡེ་བ་སྟོང་ཁྲིའི་བཟོ་སྐྲུན་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་གལ་ཆེན་རྒྱུས་ལོན་ཟབ་མོ་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། བསམ་ཕྱོགས་འདུ་ཤེས་གསར་བསྒྱུར་བྱེད་པ། བྱེད་ཐབས་ལེགས་སྒྱུར་བྱས་ནས། མཐོ་སྒང་གི་བབ་སྡོད་ལས་བརྩོན་དང་ཞི་འཇགས་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་དང་པོའི་སྟེང་གནང་བའི་བརྗོད་དོན་གསུང་བཤད་དང་། ནད་གསོ་རྒྱལ་སྤྱིའི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོའི་སྟེང་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་ཆགས་སྟངས་ཆེན་པོའི་ཁྲོད་འདྲེས་པར་བྱེད་པ་དང་། ནུབ་རྒྱུད་གསར་སྤེལ་གྱི་ཟམ་སྣེ་བཙན་རྫོང་གསར་སྐྲུན་བྱས་ཏེ། ནང་ཕྱི་སྒོ་འབྱེད་རྒྱ་སྐྱེད་པའི་ཁྲོད་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གསོན་ཤུགས་སྣོན་དགོས། སྔར་ལས་ཤུགས་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། དབང་བོ་སྐྱོན་ཅན་གྱི་ཕན་བདེ་ཞབས་ཞུའི་འགན་སྲུང་ནུས་པ་མཐོར་འདེགས་བཏང་ནས། དབང་བོ་སྐྱོན་ཅན་གྱི་དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་དགོས།
ཚོགས་ཐོག་ནས་ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱེད་པ་དང་། ཐོན་ཁུངས་ཆ་སྡེབས་ཀྱི་ལས་ཆོད་མཐོར་འདེགས་བཏང་སྟེ། ཚོང་རའི་སྦས་ཤུགས་ཕྱིར་གཏོང་བྱེད་དགོས། སྨན་བཅོས་འགན་སྲུང་ཐེབས་རྩ་བཀོལ་སྤྱོད་བྱེད་པའི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ལྟ་སྐུལ་དོ་དམ་བྱེད་སྟངས་ལེགས་བསྒྱུར་བྱེད་པ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ལྟ་སྐུལ་དོ་དམ་དྲ་རྒྱ་སྔར་ལས་བརྟན་པོ་འཛུགས་དགོས།
ཚོགས་ཐོག་ཏུ་ཙང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་མཚོ་སྔོན་དང་ཀན་སུའུ་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཙུང་ལི་གཞོན་པ་ལིའུ་ཀའོ་ཀྲུང་གི་གཏམ་བཤད་རེ་བ་ལག་བསྟར་ནན་མོ་བྱེད་པ། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་བྱ་བ་ལག་བསྟར་བྱེད་པ། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་ཏེ། དབུལ་ཐར་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གྲུབ་འབྲས་སྔར་ལས་རྒྱུན་བསྲིང་ཐུབ་པར་བྱེད་དགོས།
ཚོགས་ཐོག་ཏུ་ཉེན་ཆེ་རྫས་འགྱུར་ཐོན་རྫས་ཀྱི་བདེ་འཇགས་ཉེན་ཁ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པ་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་ཉེན་ཁ་རྟོག་སེལ་བཅོས་སྐྱོང་བྱེད་པ་དམ་འཛིན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དམིགས་འབེན་དུ་བྱས་ནས། རང་ཞིང་གི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ད་དུང་དོན་བྱ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།