མཚོ་སྔོན་ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིས་བརྗོད་དོན་སློབ་གསོ་སྤེལ།
2023.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཉེ་ལམ།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན།   བསྟུད་མར་ཉིན་འགའི་རིང་ལ།  མཚོ་སྔོན་ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ།  ཀུང་ཟི་ཚུལ་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་དང་ཟུང་འབྲེལ་དམ་པོ་དང་།  སྟེགས་བུ་གསུམ་དང་དམིགས་འབེན་བཞིའི་འཕེལ་རྒྱས་ངེས་གནས་ལ་དམ་དུ་དམིགས་པ།   སློབ་སྦྱོང་ཟབ་མོ་དང་ཟུར་ཁྲིད་སློབ་སྦྱོང་།  དཔེ་སྟོན་སློབ་སྦྱོང་།   ཡུལ་དངོས་སློབ་སྦྱོང་།   ཞིབ་བསྡུར་སློབ་སྦྱོང་བཅས་སློབ་སྦྱོང་ལྔ་མཉམ་དུ་རྒྱུན་འཁྱོངས་བྱས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་བྱེད་དུ་བཅུག་པ་དང་།    མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་དམ་པོར་དམིགས་ཏེ་ཀུང་ཟིའི་སྟེགས་བུ་གསུམ་དང་དམིགས་འབེན་བཞིའི་འཕེལ་རྒྱས་ངེས་གནས་གཅིག་བསྡུས་དང་།   སློབ་སྦྱོང་ཟབ་མོ་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱེད་པ།  མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་ལས་འགན་སོ་སོར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀུང་ཟི་ཡོངས་སུ་འཕེལ་རྒྱས་དང་མགྱོགས་མྱུར་འཕེལ་རྒྱས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་བྱེད་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུས་གནད་འགག་ཉུང་ཤས་ཀྱི་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་ལ་དམ་པོར་དམིགས་ཏེ་གནད་འགག་ཉུང་ཤས་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ནས་མང་ཆེ་བས་སློབ་སྦྱོང་ནན་མོ་བྱེད་པར་ཁྲིད་སྟོན་དང་།  མགོ་ཁྲིད་ཚན་ཁག་གིས་ཆེད་དོན་སློབ་སྦྱོང་བྱས་ནས་ཏང་ཡོན་ཡོངས་ཀྱིས་སློབ་སྦྱོང་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱས་པ་དང་།  མགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་ལས་བཟོ་བ་དང་མང་ཚོགས་དང་ཐོན་སྐྱེད་འཐབ་ཕྱོགས་དང་པོ།   ལས་གཞིའི་ཡུལ་དངོས་བཅས་སུ་སོང་ནས་ཆེད་དོན་ཏང་གི་སློབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་།  ཀུང་ཟི་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་བྱེད་པའི་ངེས་གནས་དང་ཁ་ཕྱོགས་ལ་ཟུང་འབྲེལ་བྱས་ཏེ་གནས་བབ་གླེང་བ་དང་གནད་དོན་བཤད་པ།   བསམ་ཕྱོགས་གཏན་འཁེལ་བྱས་པར་མ་ཟད།    བརྗོད་དོན་སློབ་གསོ་བཟང་བོར་སྤེལ་རྒྱུ་དེ་བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་སྒྲུབ་པའི་ཉམས་ཞིབ་གལ་ཆེན་ཏུ་བརྩིས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་ཉིད་གསར་བརྗེ་བྱེད་ཕོད་པའི་ཚད་གཞི་གལ་ཆེན་ལ་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུས་རིག་གཞུང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཆེད་དོན་བགྲོ་གླེང་གྲོས་ཚོགས་བརྒྱུད་དེ་ཀུང་ཟིའི་མིག་སྔའི་ཐོན་སྐྱེད་བདེ་འཇགས་དང་ཐོན་ལས་ཆེན་པོ་ལྔའི་འཕེལ་རྒྱས།   ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་།   ཏང་གི་གསར་སྐྲུན་གཞུང་ལུགས་ཁྲོད་འབད་འབུངས་ཡར་བརྩོན་གྱི་ཤེས་རིག་དང་སྟོབས་ཤུགས་བསྡུ་ལེན་བྱས་ཤིང་།   ཏང་གི་གསར་སྐྲུན་གཞུང་ལུགས་སྤྱད་དེ་གནད་དོན་དངོས་ཐག་གཅོད་པའི་ཉམས་མྱོང་བརྗེ་རེས་དང་བྱ་བ་ལེགས་བཅོས་ཀྱི་བྱེད་ཐབས་བགྲོ་གླེང་བྱས་ཏེ་བྱ་བར་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་པའི་བྱེད་ཐབས་བཟང་བོར་རྒྱུས་ལོན་ཟབ་མོ་བྱས་ནས་ཀུང་ཟི་ཚུལ་སྒྱུར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་།

                                                                                              ལྷ་མོ་ཚེ་རིང་གིས་བསྒྱུར།