ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ལ་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ལ་ཚུར་སྣང་དྲག་པོ་བྱུང་།
2023.05.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 30

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ལ་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ལ་ཚོགས་ཞུགས་མི་སྣ་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་བསྟན་དོན། རྒྱལ་སྤྱིའི་མཉམ་ལས་དང་སྒོ་འབྱེད་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། མཉམ་དུ་ཚན་རིག་ལག་རྩལ་རབས་བརྗེ་གསར་གཏོད་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

སྐབས་འདིའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ལ་ཕྱི་རྒྱལ་གྱི་སྲིད་གཞུང་སྡེ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས། ལས་ཁུངས་བཅས་ཉིས་བརྒྱ་ཙམ་ཞུགས་ཡོད་ཅིང་། རྩེར་སོན་ཆེད་མཁས་པ་བརྒྱ་དང་ཉི་ཤུ་ལྷག་གིས་ཆུ་ཚད་མཐོ་བའི་གཏམ་བཤད་གལ་ཆེན་སྤེལ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ལ་སྐུ་མགྲོན་ཚོའི་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་། ཚང་མས་བསྟན་དོན། ལག་རྡང་སྦྲེལ་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ལག་རྩལ་གྱིས་སྔར་ལས་ལྷག་པར་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུའུ་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། མིའི་རིགས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་དང་། སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་རྒྱལ་སྤྱིའི་མཉམ་ལས་དང་སྒོ་འབྱེད་མཉམ་སྤྱོད་བྱེད་དགོས་ཡོད། རྒྱལ་ཁབ་ཕྱི་ནང་གི་མི་སྣས་བལྟས་ན། དེ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་ཆ་རྒྱུས་གསལ་བོ་ཡོད་པ་དང་། ཀྲུང་གོའི་ཁོག་རྒྱ་དང་ཁག་ཁུར་མངོན་པར་མཚོན་ཡོད་པར་འདོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ནན་གྱིས་བསྟན་དོན། པེ་ཅིང་མདུན་གྲལ་གྱི་ཚན་རྩལ་གསར་གཏོད་དང་རྩེར་སོན་གྱི་ཐོན་ལས་འཕེལ་རྒྱས་ཐད་ནས་ཧུར་ཐག་སྒོས་མདུན་གྲས་སུ་བསྐྱོད་དགོས་པ་དང་། པེ་ཅིང་གིས་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཤིང་། འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཞེས་གསུངས།


བསོད་ནམས་ཚེ་རིང་གིས་བསྒྱུར།