ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཨར་ཏོ་ཨན་ལ་གློག་འཕྲིན་བཏང་ནས། ཁོ་ཡང་བསྐྱར་ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུར་ཁེ་གཉིས་ཀ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཡིན་ལ། ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་གོང་འཕེལ་བཟང་བོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གེར་མཉམ་ལས་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད། ངས་ཀྲུང་གོ་དང་ཐུར་ཁེའི་འབྲེལ་བ་གོང་དུ་སྤེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཙུང་ཐུང་ཨེ་ཨར་ཏོ་ཨན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་སྲིང་དང་བདེ་ཐང་། བརྟན་འཇགས་བཅས་ཀྱི་སྒོ་ནས་གོང་འཕེལ་དུ་གཏོང་འདོད་ཡོད།