ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་ཚན་ཁག་དྲུག་པས་མཛུབ་སྟོན་གང་ལེགས་བྱས།
2023.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དྲུག་པས་བརྗོད་དོན་སློབ་གསོས་གྲུབ་འབྲས་ལོན་པར་ཁག་ཐེག་བྱས།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དྲུག་པས་བརྗོད་དོན་སློབ་གསོའི་གཙོ་གནད་དང་གནད་འགག་དམ་འཛིན་བྱས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ལ། རང་འགུལ་གྱིས་འཐབ་ཡུལ་དང་པོར་ཟབ་ཞུགས་བྱས་ཏེ། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཇི་མ་ཇི་བཞིན་དུ་བརྒྱུད་སྒྲོག་དང་ལག་བསྟར་དང་། དངོས་འབེབས་དོན་འཁྱོལ་ཡོང་བར་མཛུབ་སྟོན་བྱས་ནས། བརྗོད་དོན་སློབ་གསོས་ཕན་འབྲས་ལོན་པར་ཁག་ཐེག་བྱས།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དྲུག་པས་སྐོར་ཁག་བགོས་ཏེ་ཞིང་ཆེན་སྤྱི་བདེ་ཐིན་དང་། ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་སོགས་ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་སུ་སོང་ནས་བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་ལྟ་ཞིབ། མི་ཤ་ཁས་དང་གླེང་མོལ་བྱེད་པ། རྒྱུ་ཆ་ཀློག་པ་སོགས་ཀྱི་བྱེད་པ་སྤྱད་དེ། བཀོད་སྒྲིག་གནད་ཁེལ་ཡིན་མིན་དང་དངོས་འབེབས་དོན་འཁྱོལ་ཡིན་མིན་སོགས་ཀྱི་གནད་དོན་རྩད་ཞིབ་བྱས་པ་དང་། བྱ་བའི་འགན་ནུས་དང་འབྲེལ་ནས་འབྲེལ་ཡོད་བསམ་འཆར་བཏོན། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་རྒྱབ་སྐྱོར་བརྩོན་ལེན་བྱས། གནས་པའི་དོན་དངོས་དཀའ་ཁག་ཐག་གཅོད་རོགས་བྱས་ནས། བརྗོད་དོན་སློབ་གསོ་དེ་གཙོ་གནད་རེ་རེ་དང་ཀྲི་པུའུ་ཡོངས་ལ་ཁེབས་པར་ཁག་ཐེག་བྱེད་དགོས།

དུས་མཉམ་དུ། གླེང་མོལ་ལ་བརྟེན་ནས་དོན་དངོས་གནས་ཚུལ་རྒྱུས་ལོན་དང་། གནོན་ཤུགས་བརྒྱུད་སྤྲོད། ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་སོགས་ཕྱོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མགོ་ཁྲིད་མི་སྣར་ངེས་པར་གླེང་མོལ་དང་ཁྲུའུ་རིམ་པའི་ལས་བྱེད་པར་གླེང་མོལ་ཞིབ་མོ་བྱེད་པ། སྤྱིར་བཏང་གི་ཏང་ཡོན་དང་གང་འཚམ་གྱིས་གླེང་བ། ལས་བྲལ་དང་ལས་ཁྱེར་ངལ་གསོ་བྱས་པའི་ཏང་ཡོན་དང་གཏམ་གླེང་བྱེད་པ་སོགས་ཀྱི་གླེང་མོལ་རྐྱེན་སྲོལ་བཙུགས་ནས། གླེང་མོལ་གྱི་ཁྱབ་ཁོངས་དང་མི་གྲངས་ལ་ཁག་ཐེག་དང་། ཤེས་རྟོགས་བྱེད་དགོས་པའི་ཤེས་བྱའི་ཚོད་རྒྱུགས་སོགས་གླེང་མོལ་གྱི་ནང་དོན་ཁྲོད་བཞག་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཚད་འཇལ་གང་ལེགས་བྱས། མིག་སྔར། ལས་ཁུངས་སོ་སོར་སོང་ནས་གླེང་མོལ་ཐེངས་སོ་བཞི་སྤེལ་བ་དང་མགོ་ཁྲིད་མི་སྣར་གླེང་མོལ་བྱེད་ཚད་ཀྱིས་སྤྱི་ཡོངས་ལ་ཁེབས་པ་དང་། མི་སྣ་གཞན་དག་ལ་གླེང་མོལ་བྱས་ཚད་དེ་མི་གྲངས་བརྒྱ་དང་དོན་དྲུག་ལ་སླེབས།

གནད་དོན་དག་ཐེར་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དྲུག་པས་འབྲེལ་གཏུག་ལས་ཁུངས་བཅུ་དང་བརྗོད་དོན་སློབ་གསོ་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་བསྡུས་ཏེ། བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་ཁྱབ་སྤེལ་དང་། གནས་པའི་འབུར་ཐོན་གནད་དོན་རང་འགུལ་གྱིས་རྩད་ཞིབ་བྱས་ལ། གཙོ་གནད་བྱ་བའི་འཕེལ་རིམ་གནས་ཚུལ་ཐད་བཀོད་སྒྲིག་དང་། མཛུབ་སྟོན་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་གཅིག་སྡུས་ཀྱིས་དཔྱད་འཇོག་བྱས། ལས་ཁུངས་སོ་སོས་མི་འདང་ས་དང་ཉམ་ཞན་ཁ་གསབ་ དང་བྱ་བའི་བྱེད་ཐབས་ལེགས་སྒྱུར་བྱེད་པར་ལྟ་སྐུལ་བྱས།

དེ་ལས་གཞན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དྲུག་པས་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་ཕྱིར་བཏོན་པའི་བསམ་ཚུལ་དག་སྒྲིག་དང་། དུས་ལྟར་གནད་དོན་གསལ་ཐོ་བརྗེ་སྒྱུར་བྱེད་པ། ཏང་གཤིས་གྲོས་བསྡུར་ཆེན་མོ་སྤེལ་བ། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་གྲོས་བསྡུར་ཆེན་མོ་སྤེལ་བ་སོགས་ཀྱི་གཙོ་གནས་ལས་འགན་དམིགས་སུ་བཟུང་སྟེ། གྲོས་ཚོགས་ལ་ཞུགས་པ་དང་གཙོ་གནད་འཐེན་བཤེར་བྱེད་པ། སྐབས་བསྟུན་བཅར་འདྲི། རྒྱུ་ཆར་བལྟ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འཕེལ་རིམ་གནས་ཚུལ་རྒྱུས་ལོན་དང་།དུས་ལྟར་གནས་པའི་གནད་དོན་ཕྱིར་འདོན་བྱས། དག་ཐེར་བཅོས་སྐྱོར་བྱ་བའི་རྩིས་ཐོ་འཛུགས་པར་མཛུབ་སྟོན་བྱས་ཏེ། གསལ་ཐོའི་ཁྲོད་ཀྱི་གནད་དོན་རིགས་བགར་དང་རེ་རེ་བཞིན་དག་ཐེར་དང་དོ་དམ་བྱས། དམིགས་འབེན་གཅིག་སྡུས་ཡིན་མིན་དང་བྱེད་ཐབས་ཉེར་སྤྱོད་བྱེད་མིན། གྲུབ་འབྲས་འབུར་ཐོན་ཡིན་མིན་བཅས་ལ་ལྟ་རྟོག་ཡང་དག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གོ་རིམ་མི་འཁྱོལ་བ་དང་ཚད་གཞི་ཇེ་དམའ་རུ་མི་གཏོང་བར་ཁག་ཐེག་བྱས་ནས། གཙོ་གནས་ལས་འགན་དངོས་འབེབས་ཞིབ་ཚགས་བྱེད་པར་སྐུལ་འདེད་དང་། གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་།

མིག་སྔར། མཛུབ་སྟོན་བྱས་པའི་ལས་ཁུངས་བཅུ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་བྱ་བའི་བཀོད་སྒྲིག་ལྟར། གཞུང་ལུགས་སློབ་སྦྱོང་རྒྱུན་ཆད་མེད་པར་གཏིང་ཟབ་དང་། བརྟག་དཔྱད་ཞིབ་འཇུག་སྔར་ལས་བཟང་པོ། འཕེལ་རྒྱས་སྐུལ་འདེད་དོན་དངོས་དང་མཐུན་པ། ཞིབ་བཤེར་དག་ཐེར་དངོས་སྒྲུབ་ནན་མོ་བྱས་ཏེ། མུ་མཐུད་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཏང་།

                                                                                                  རིག་འཛིན་སྒྲོལ་མས་བསྒྱུར།