ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 89

ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན། གསར་འགོད་པས་ཟི་ལིང་སྒོ་ཁྲལ་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་དར་སྤེལ་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བཞག་སྟེ། བརྟག་དཔྱད་ཞིབ་འཇུག་བྱ་བ་དེ་ཇུས་དོན་གྱི་རྨང་གཞི་དང་ལས་སྒྲུབ་བྱེད་ཐབས་བྱེད་པ་རྒྱུན་འཁྱོངས་དང་། གནད་དོན་ཐག་གཅོད་པ་དང་། དཀའ་གནད་སེལ་རྒྱུ་བྱ་བའི་མགོ་རྩོམ་ས་དང་རྐང་ཚུགས་ས་རུ་བྱས་ནས། འགོ་བས་སྲིད་ཇུས་སྒོ་ཁར་སྐྱེལ་བའི་ཁེ་ལས་ལ་རོགས་བྱེད་པ་དང་དྲོལ་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་ཡོངས་ནས་སྲིད་ཇུས་སྒྲོག་འགྲེལ་དང་། གནད་དོན་ཐག་གཅོད། ཞབས་ཞུ་ཤུགས་དྲག་ཏུ་བཏང་ནས། མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་།

སྲིད་ཇུས་སྒྲོག་འགྲེལ་གྱི་བར་ཐག་མེད་པར་བཟོས། རིམ་པ་གཉིས་ཀྱི་སྒོ་ཁྲལ་འགན་ཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། མདོག་ལྡན་ལྕགས་རིགས་བཙོ་སྦྱང་སོགས་ཁྲག་ཁྲིག་རིམ་པའི་ཐོན་ལས་ཁྱུ་ཚོགས་བཞི་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ལ་དམིགས་ནས། ཕྱིར་གཏོང་ནང་འདྲེན་གྱི་ཁེ་ལས་བཞི་ཅུ་ལྷག་དང་། ཞིང་ཆེན་ནང་ཁུལ་གྱི་ལས་གཞི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལས་ཡུལ་ལ་སོང་ནས་ཚན་སྐོར་རྣམ་པའི་ཡུལ་དངོས་རྟོག་ཞིབ་བྱས་ཏེ། ཁྱོན་ཡོངས་ནས་ཐོན་སྐྱེད་ཁེ་གཉེར་གྱི་གནས་ཚུལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ཁེ་ལས་ཀྱིས་རིགས་སོ་སོའི་ཁེ་ལས་ལན་ཕན་པའི་སྲིད་ཇུས་རྒྱུས་ལོན་པར་རོགས་རམ་བྱས།

གནད་དོན་ཐག་གཅོད་དང་དཀའ་ཁག་སེལ་བར་དམིགས་ཏེ། འཁོར་ཁང་དང་གཏེར་ལས་བཟོ་གྲྭ་རུ་བསྐྱོད་དེ་ཁེ་ལས་ཀྱི་དཀའ་ངལ་ལ་རྒྱུས་ལོན་དང་། སྲིད་ཇུས་ཀྱི་རེ་ཞུ་དམ་འཛིན་བྱས་ཏེ་གནད་དོན་ཐོ་འགོད་བྱས།

ཞབས་ཞུ་གང་ལེགས་སྒྲུབ་ནས་འཕེལ་རྒྱས་གྲུབ་འབྲས་ལོན་པར་སྐུལ་འདེད་བཏང་། ཚོང་གཉེར་སོགས་ཀྱི་སྡེ་ཁག་དང་མཉམ་ལས་མཐུན་སྦྱོར་བྱས་ཏེ། བརྟན་འཇགས་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཕྱོགས་ཡོངས་ནས་དངོས་འབེབས་བྱས། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱས། ཐེན་ཧི་ཉི་འོད་ནུས་པ་དང་ཨ་ཐི་སི་ནུས་ཁུངས་གསར་བའི་ཐོན་ལས་མུ་འབྲེལ།  ཧྥུའུ་ཏིས་གསར་དར་སྒུལ་ནུས་གློག་གསོག་ཆས།  ཀྲུང་ཧྥུའུ་ཧྲིན་དབྱིན་ཐཱན་ཚི་སྣ་སོགས་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས། རང་འགུལ་གྱིས་སྣེ་ཁྲིད་ཐོན་ལས་དང་སྦྲེལ་མཐུད་བྱས་ཏེ། ཐོན་རྫས་ཕྱིར་གཏོང་སྦས་ཤུགས་སྔོན་འདོན་དང་། ཁེ་ལས་ཀྱི་ཕྱིར་གཏོང་མ་རྩ་ཇེ་དམའ་རུ་བཏང་ནས། རང་ཞིང་གི་ཁྱད་ལྡན་ཐོན་རྫས་ཀྱི་ཕྱིར་གཏོང་སྒྲིག་གཞི་རྒྱ་བསྐྱེད་པར་སྐུལ་འདེད་གང་ལེགས་བཏང་།

                                                                                              རིག་འཛིན་སྒྲོལ་མས་བསྒྱུར།