ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་བརྒྱད་པས་ཁེ་ལས་བཅུ་གཅིག་གི་བྱ་བར་མཛུབ་སྟོན་བྱས།
2023.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་བརྒྱད་པས་ཁེ་ལས་ཀྱི་ཏང་ཨུའི་འགན་འཁུར་གཙོ་བོ་ནན་བཙིར་དང་། འགོ་ཁྲིད་གཙོ་བོར་དམིགས་བཙུགས་ནས། སྐོར་ཞིབ་མཛུབ་སྟོན་ཚན་ཁག་གི་རོགས་རམ་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། གཟབ་ནན་གྱི་སྤྱིའི་རེ་བ་འབུར་ཐོན་ཡོང་བར་བྱས་ནས། ཁེ་ལས་བཅུ་གཅིག་ལ་གོ་རིམ་ལྡན་ཞིང་ཕན་འབྲས་མཐོ་བའི་བརྗོད་དོན་སློབ་གསོའི་མཛུབ་སྟོན་བྱ་བ་སྤེལ་ཏེ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་ལེགས་བཅོས་ལ་ཞིབ་བཤེར་བྱས་བྱེད་པར་ཁག་ཐེག་བྱས་ནས། ཕན་ཚུན་མཉམ་འདྲེས་དང་གཅིག་བསྡུས་སྒོས་སྐུལ་སྤེལ་བྱས། 

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་ལྟ་སྐུལ་ནན་མོ་དང་ཁྲིད་སྟོན་ལེགས་པོ་བྱེད་པར་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་སྤེལ་བའི་དུས་སྐབས་སུ་གཞུང་དོན་དུ་ཕྱི་རུ་བྱ་བ་སྒྲུབ་ཏུ་འགྲོ་བ་དང་། གནང་བ་ཞུས་པ། དཔེ་ཀློག་འཛིན་གྲྭར་ཞུགས་པ་ཉིན་བདུན་ལ་མི་འདང་བའི་འགོ་ཁྲིད་ཁོངས་མི་བཅས་ལ་གསབ་སྦྱོང་གི་བརྡ་ཐོ་སྦྱར་ནས། ལས་རྐང་ལ་ཐོན་རྗེས་ཀྱི་དུས་ཚོད་དང་པོར་མྱུར་དུ་གསབ་སྦྱོང་ལེགས་འགྲུབ་འབྱུང་དུ་འཇུག་དགོས་པ་དང་། གསབ་སྦྱོང་གི་གནས་ཚུལ་ལ་དུས་ངེས་མེད་དུ་འཐེན་བཤེར་བྱེད་ངེས། བརྗོད་དོན་སློབ་གསོའི་དུས་སྐབས་སུ་འགན་འཁུར་བློ་མཐུན་གཙོ་བོས་གནང་བ་ཞུས་པའམ་ཡང་ན་ལས་ཕྱི་རུ་ལས་ཀ་གཉེར་དུ་སོང་པ་དང་། གནས་ཚུལ་ཡར་ཞུ་ཐོ་འགོད་བྱས་མེད་མཁན་དག་ལ་སྤྱི་སྒྲོག་སྐྱོན་བརྗོད་བྱ་རྒྱུ་ཡིན་ལ། ཁེ་ལས་ཁག་བགོས་འགོ་ཁྲིད་དང་བརྗོད་དོན་སློབ་གསོ་གཞུང་ལས་ཁང་གིས་མཛུབ་སྟོན་ཚན་ཆུང་ལ་གསལ་བཤད་བྱེད་པའི་བཀའ་འགེལ་བྱེད་རྒྱུ་ཡིན། 

ལྟ་སྐུལ་མཛུབ་སྟོན་གྱི་འགག་སྒོ་སྔ་སྣུར་བྱས་ནས། ཁེ་ལས་སོ་སོའི་ཏང་གཤིས་ཀྱི་བགྲོ་གླེང་ཆེན་མོ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་དཔྱད་གླེང་། ཆེད་དོན་ཏང་གི་སློབ་ཁྲིད་བཅས་ཀྱི་སྔོན་ལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཞིབ་བཤེར་འཁོར་ཚིགས་བཀོད་སྒྲིག་བྱེད་པ་དང་། ཁེ་ལས་ཀྱིས་ཚོགས་འདུའི་སྔོན་ལ་བྱ་བའི་འཆར་འགོད་དང་ཚོགས་འདུའི་གྲོས་རིམ། གཏམ་བཤད་རྒྱུ་ཆ་བཅས་མཛུབ་སྟོན་ཚན་ཆུང་གི་མདུན་དུ་བསྐྱལ་ནས་ཞིབ་དཔྱད་བྱེད་དུ་འཇུག་དགོས། ཚོགས་འདུའི་སྔོན་ལ་དམ་འཛིན་དང་། ཚོགས་འདུའི་སྐབས་སུ་མཛུབ་སྟོན། ཚོགས་འདུའི་རྗེས་སུ་དཔྱད་འཇོག་བྱེད་པ་བཅས་ཀྱི་འཁོར་རྒྱུག་མཛུབ་སྟོན་རྐྱེན་སྲོལ་འཛུགས་དགོས་ལ། ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ཏང་གཤིས་ཀྱི་བགྲོ་གླེང་ཆེན་མོ་སྤེལ་བར་འཛུབ་སྟོན་དང་། དཔེ་གཞི་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་བ། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཆེད་དོན་དཔྱད་གླེང་དང་འགོ་ཁྲོད་ཁོངས་མིའི་ཆེད་དོན་ཏང་གི་སློབ་ཁྲིད་བཅས་ལ་མཛུབ་སྟོན་བྱས། ཆེད་དོན་དཔྱད་གླེང་ཆེན་མོའི་གཏམ་བཤད་ཁྲོད་དུ་བརྗོད་དོན་ལ་མི་དམིགས་པ་དང་། དོན་དངོས་དང་སྦྲེལ་བ་ཚགས་མི་དམ་པ། ནང་དོན་ལ་དོན་མེད་ལུང་གཏམ་གྱིས་ཁེངས་ཡོད་ཚེ། ཡུལ་དངོས་ནས་མཚམས་བཅད་དེ། དུས་སྐབས་བཙལ་ནས་ཡང་བསྐྱར་སྒྲུབ་པའི་རེ་བ་བཏོན་པ་ཡིན། 

དཔྱད་གླེང་ཆེན་མོ་གཉིས་དང་ཆེད་དོན་ཏང་གི་སློབ་ཁྲིད་ལ་ཞུགས་པའི་གོ་སྐབས་དང་བསྟུན་ནས། ལས་ཁུངས་ཀྱི་འབྲིང་རིམ་ཡན་གྱི་ལས་བྱེད་དང་མང་ཚོགས་ཁྲོད་ཀྱི་འཐབ་ས་དང་པོའི་ལས་བཟོ་བ་བཅས་ཀྱི་སྒེར་ངོས་ནས་ཁ་བརྡ་བྱས་ཏེ། གཞི་རིམ་མང་ཚོགས་ལས་བཟོ་བའི་སེམས་ཀྱི་རེ་བ་དང་དགོས་མཁོ་ལ་རྒྱུས་ལོན་བྱས། ཁེ་ལས་ལོ་རྒྱུས་ཀྱིས་ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་ལ་གཞིགས་ནས། རང་འགུལ་ངང་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་ཁབ་དངུལ་རྩའི་ཨུ་ཡོན་ལྷན་ཁང་བཅས་ལ་མཐུན་སྦྱོར་བྱས་ཏེ་སྲིད་ཇུས་ཀྱི་མཛུབ་སྟོན་བྱེད་དུ་བཅུག 

མིག་སྔར། མཛུབ་སྟོན་བྱས་པའི་ཁེ་ལས་བཅུ་གཅིག་གིས་རིམ་བཞིན་རྟོག་ཞིབ་དང་བཅར་འདྲི། བགྲོ་གླེང་བཅས་རྒྱ་ཆེན་པོ་བྱས་ནས། བརྗོད་དོན་སློབ་གསོའི་གོ་སྐབས་དང་བསྟུན་ནས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་ཤུགས་ཡོད་སྐུལ་འདེད་བཏང་ནས། བརྗོད་དོན་སློབ་གསོ་དེ་གཏིང་ཟབ་དང་དངོས་གཉེར་ཀྱི་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།