ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.06.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པ་ཚོར་དྲུག་གཅིག་རྒྱལ་སྤྱིའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

འཕྲིན་ཡིག་ནང་། མཛའ་བརྩེ་ལྡན་པའི་གྲོགས་པོ་ཆུང་ཆུང་ཚོ། དེ་རིང་ནི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་པ་དང་། ཁྱེད་ཚོར་གཏོགས་པའི་དུས་ཆེན་ཡིན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁྱེར་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་ཡིན་ལ། ཁྱེད་ཚོའི་སློབ་སྦྱོང་ཐད་ནས་ཡར་ཐོན་ཡོང་བ་དང་འཚོ་བར་སྤྲོ་སྐྱིད་ལྡན་པ། བདེ་ཐང་ངང་འཚར་ལོངས་འབྱུང་བའི་རྟེན་འབྲེལ་ཞུ་བ་ཡིན།

ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན། རླབས་ཆེན་གྱི་དུས་རབས་གསར་བའི་ནང་། ཁྱེད་ཚོ་ནི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མྱོང་ཚོར་བྱེད་མཁན་དང་བདེན་དཔང་པ་ཡིན་ལ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟོབས་གསར་དམག་དཔུང་དེ་ལས་ཀྱང་ཡིན་པས། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། དེ་རིང་མེས་རྒྱལ་གྱི་བྱིས་པ་བཟང་བོ་བྱེད་པ་དང་། སང་ཉིན་མེས་རྒྱལ་གྱི་འཛུགས་སྐྲུན་མཁན་ཡིན་ལ། མཛེས་སྡུག་གི་འཚོ་བ་ཁྱོད་ཚོར་དབང་བ་དང་། མཛེས་སྡུག་གི་ཀྲུང་གོའི་ཕུགས་འདུན་ཁྱོད་ཚོར་དབང་།

ན་ཆུང་དར་ན་རྒྱལ་ཁབ་དར་བ་དང་ན་ཆུང་ལ་སྤྱང་གྲུང་འཛོམ་ན་རྒྱལ་ཁབ་ལ་བློ་གྲོས་ལྡན། ཁྱེད་ཚོ་ནི་ཕུགས་བསམ་དང་འདུན་པ་ཡོད་པའི་དུས་རབས་ཀྱི་མི་གསར་བ་ཡིན། ཕུགས་འདུན་རྒྱང་རིང་ན་ཡང་ལམ་བུ་རྐང་འོག་ཏུ་ཡོད་པས། དུས་ནམ་ཡང་གྲ་སྒྲིག་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་དཔེ་ཀློག་བྱེད་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། བློ་རྩ་ཇེ་བརྟན་དུ་གཏོང་བ། ལུས་ཕུང་སྦྱོང་བརྡར་བྱས་ཏེ། འཇོན་ཐང་ལྡན་པའི་མི་ཞིག་བྱེད་དགོས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཚོགས་ཡོངས་ན་ཆུང་བྱིས་པའི་ལམ་ཁྲིད་མི་སྣ་དང་སྲུང་སྐྱོབ་པ། ཕུགས་འདུན་སྐྲུན་མཁན་བྱེད་པ་དང་། མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་ནས། བྱིས་པ་ཚོ་འཚར་ལོངས་བྱུང་བའི་ཐད་ཉིང་བཅུད་སྣོན་པ་དང་ཁོད་ཡངས་པའི་གར་སྟེགས་འདོན་སྤྲོད་བྱེད་རྒྱུའི་འབོད་སྐུལ་བཏོན།

མཇུག་མཐར། གྲོགས་པོ་ཆུང་ཆུང་ཚོས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ལ་རོལ་བ་དང་། དགེ་རྒན་ཚོ་དང་རྒྱ་ཆེའི་ན་ཆུང་བྱིས་པའི་བྱ་བ་སྒྲུབ་མཁན་དང་ཁྱིམ་བདག་ཚོའི་བྱ་བ་ཡོངས་འགྲུབ་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན་ཡོད།