མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པར་དཔྱད་ཞིབ་དཔྱད་འཇོག་བྱས་པའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པར་དབྱད་ཞིབ་དཔྱད་འཇོག་བྱས་པའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཀའོ་ཀྲུང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་གྱི་བླང་བྱ་དོན་འཁྱོལ་བྱས་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕན་ཡོད་སྦྲེལ་མཐུད་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གོ་རིམ་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་འཇོག་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ། བྱ་བའི་གཙོ་གནད་ལ་གོ་བ་ཡང་དག་ལེན་པ། འབྲེལ་ཡོད་སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ། དག་ཐེར་ལེགས་བཅོས་གནད་ལ་འཁེལ་བ་བྱས་ཏེ། བྱ་སྤྱོད་དངོས་ལ་་བརྟེན་ནས་གཏན་ཕབ་གཉིས་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དམིགས་ནས་མཐོར་འདེགས་དམ་འཛིན་བྱེད་པ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་གནད་འགག་གཉིས་ལ་དམིགས་ནས་རོང་འབྲོག་མང་ཚོགས་དང་དབུལ་ཐར་མཁྲེགས་གཏོར་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱ་བ་དམ་འཛིན་བྱེད་པ། ཞིང་ཆེན་གྱིས་ཕྱིར་བཏོན་པའི་བྱེད་ཐབས་དམ་འཛིན་བྱས་ནས་གྲུབ་འབྲས་ལེན་པ། དམངས་ཚིས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་དམངས་སེམས་ལ་དྲོད་ཁོལ་སྦྱིན་པའི་བྱ་བ་ཞིབ་མོར་བསྒྲུབ་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་བཟང་བོར་བསྒྲུབ་པ། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་འགན་སྲུང་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་མཐོར་འདེགས་བཏང་ནས། མང་ཚོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ཐད་ཀྱི་ངོས་ལེན་ཚད་དང་ཡིད་ཚིམ་ཚད་མཐོར་འདེགས་གཏོང་དགོས། སྲིད་ཇུས་ལག་བསྟར་བྱེད་པར་དམིགས་ནས་མཐོར་འདེགས་དམ་འཛིན་བྱེད་པ་དང་། དབུལ་ཐར་རྫོང་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པའི་སྲིད་ཇུས་གཏན་འཇགས་སུ་གཏོང་བ་སྲུང་འཛིན་བྱེད་པ། ནོར་སྲིད་དང་དངུལ་རྩ། ས་ཞིང་། ཤེས་ལྡན་མི་སྣ་སོགས་ཀྱི་འདེགས་སྐྱོར་འགན་སྲུང་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་སྟེ། རིགས་མི་འདྲ་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་མྱུར་དུ་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། བྱ་བ་ལག་བསྟར་བྱེད་པར་དམིགས་ནས་མཐོར་འདེགས་དམ་འཛིན་བྱེད་པ་དང་། ཕྱིར་དབུལ་བོར་འགྱུར་བ་བཀག་འགོག་བྱེད་པའི་ལྟ་ཞིབ་རོགས་སྐྱོར་ལ་ཤུགས་སྣོན་པ། ཡུལ་གཞན་གནས་སྤོར་རོགས་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་པ། ས་བབ་དང་བསྟུན་ནས་ཁྱད་ལྡན་དགེ་མཚན་ཐོན་ལས་སྐྱེད་སྲིང་བྱེད་པ། ཞིང་བར་འབྲེལ་འདྲིས་དང་ཞིང་བར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་བརྟན་བརླིང་ངང་སྤེལ་བ། མ་དངུལ་ལས་གཞི་དོ་དམ་བྱེད་པར་ཤུགས་བསྣན་ནས། གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གི་ཚན་གཙོ་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ། རིམ་པ་ལྔ་བོའི་ཧྲུའུ་ཅི་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཉམས་ཞན་ས་དང་མི་འདང་ས་ཁོང་དུ་ཆུད་པར་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་རེ་རེ་བཞིན་བྱ་སྤྱོད་དངོས་ཀྱི་ཁྲོད་ལག་བསྟར་བྱེད་དགོས། བྱ་བར་གཅིག་འདོམས་བྱེད་པར་ཤུགས་སྣོན་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རང་རྟོགས་སྒོས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་སྟེ། རང་འགུལ་གྱིས་འབད་འཐབ་བྱེད་པ་དང་རང་ནུས་ཅི་ལྕོགས་བྱེད་པ་མ་ཟད། སྦྲེལ་མཐུད་གཞོགས་འདེགས་ལ་ཤུགས་བསྣན་ནས། གོང་འོག་ཟུང་འབྲེལ་དང་གཡས་གཡོན་མཉམ་ལས་བྱེད་དགོས། གཞི་རིམ་གྱི་གནད་དོན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་པ་དང་། གཞི་རིམ་གྱི་ཁྲིད་ཕྱོགས་དམ་འཛིན་བྱེད་པ་འབུར་དུ་ཐོན་པར་བྱེད་པ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ནས་རྟོག་ཞིབ་ཞིབ་འཇུག་བྱེད་པ། ཉམས་མྱོང་སྤྱི་སྡོམ་དང་དཔེ་ལྟ་བྱེད་པ། བྱ་བའི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། གཞི་རིམ་གྱིས་བྱ་བ་སྤེལ་བ་དང་གནད་དོན་ཐག་གཅོད་པར་རོགས་བྱེད་དགོས། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། བྱ་བའི་ཐད་ནས་རིམ་པ་འོག་མར་དོ་དམ་བྱེད་པ་དང་སྤྱོད་ཚུལ་ཐད་ནས་གོང་རིམ་ལ་དོ་དམ་བྱེད་པ་དམ་འཛིན་བྱེད་པ། གཞི་གྲངས་རྫུན་བཟོ་བྱེད་པར་བཀག་འགོག་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་ཐད་ནས་ལོ་རྒྱུས་དང་ལག་ལེན། མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་དབྱང་དང་ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལེན་ཧུའུ། དབྱང་ཀྲི་ཝུན། ལིའུ་ཁྲོ། ཧི་ལུའུ་ཁྲུན་བཅས་ཀྱིས་སོ་སོར་ཞིང་ཆེན་དག་ཐེར་ལེགས་བཅོས་འགོ་ཁྲིད་ཚན་ཆུང་གི་ཆེད་དོན་བྱ་བའི་ཚན་ཆུང་སོ་སོའི་དག་ཐེར་ལེགས་བཅོས་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས། ཝུའུ་ལ་ཙེ་པེ་ཁི.རེ་སུའུ་ལིས་ཧྭན་དང་རྨ་ཆེན་རྫོང་གི་འགན་ཁུར་བློ་མཐུན་གྱིས་ཡན་ལག་ཚོགས་ར་ནས་ས་ཁུལ་གྱི་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། གྲོང་ཁྱེར་དང་ཁུལ་གཞན་པ་དང་རྫོང་དང་གྲོང་ཁྱེར། ཆུའུ་སྐོར་ཞིག་གིས་ཡིག་ཐོག་སྙན་ཞུ་སྤྲད། ལིས་ཧོང་ཡ་དང་ཝང་ཧའེ་ཧོང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་སྤྱད་དེ་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་དུ་ཡན་ལག་ཚོགས་ར་བཙུགས་ཡོད།

རིན་ཆེན་མཚོས་བསྒྱུར།