ཟླ་6པའི་ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་དབྱིན་ཇིའི་དབྱི་ཧོ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་ལག་བསྟར་ཀྲུའུ་ཞི་པན་ཀྲི་མིང་·ཁའེ་སེ་ཁི་ལ་ཐུག་འཕྲད་བྱས།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ལྟེ་བའི་ལས་འགན་ཁ་གསལ་བཏོན་ཡོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་ལག་ལེན་དུ་བསྟར་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན། འཛམ་གླིང་ནི་སའི་གོ་ལའི་གྲོང་ཚོ་ཞིག་ཡིན་པས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་འགྱུར་མི་སྲིད། ཀྲུང་གོས་བཅོས་སྒྱུར་སྒོ་དབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེ་བ་དང་མཉེན་ཤུགས་ཆེ་བས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འགྲོ་རྒྱུར་བརྟན་པོའི་རང་བཞིན་དང་གཏན་འཁེལ་རང་བཞིན་ལྡན་ཡོད། ཀྲུང་གོས་དབྱི་ཧོ་ཀུང་ཟི་ཚུད་པའི་རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟིས་ཀྲུང་གོ་ནས་འཕེལ་རྒྱས་སྔར་ལས་ཡག་པོ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོའི་ངང་ཤར་གཏོང་ཐུབ་རྒྱུར་མཉམ་དུ་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།
ཁའེ་སེ་ཁི་ཡིས་ཀྲུང་གོའི་རིམ་པ་སོ་སོའི་སྲིད་གཞུང་གིས་དབྱི་ཧོ་ཀུང་ཟི་ཀྲུང་གོ་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ།ཀྲུང་གོའི་ཁྲོམ་རའི་མདུན་ལྗོངས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པར་མ་ཟད། མུ་མཐུད་དུ་ཀྲུང་གོ་ནས་ཡུན་རིང་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།