ལྕམ་མོ་ཕིན་ལིས་ཡོན་དང་ཨ་ཧྥེ་རི་ཁ་གླིང་གི་ལྕམ་མོ་དང་པོ་གཉིས་ཀྱིས་མཉམ་འབྲེལ་འཕེལ་རྒྱས་ཚོགས་འདུའི་སྟེང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་ལག་རྡང་སྦྲེལ་ཏེ་བྱིས་པའི་སེམས་སུ་དྲོད་ཁོལ་སྐྱེལ་ཞེས་པའི་ཨ་ཧྥེ་རི་ཁ་གླིང་གི་བྱིས་པ་དྭ་ཕྲུག་གི་བདེ་ཐང་ལ་སེམས་ཁུར་བྱེད་པའི་བྱ་འགུལ་སྤེལ་བར་གྲོས་འགོ་བཏོན།
2023.06.02 ཁུངས། ཀློག་གྲངས། 22

དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕུང་གི་ལྕམ་མོ་ཕིན་ལིས་ཡོན་དང་ཨ་ཧྥེ་རི་ཁ་གླིང་གི་ལྕམ་མོ་དང་པོ་གཉིས་ཀྱིས་མཉམ་འབྲེལ་འཕེལ་རྒྱས་ཚོགས་འདུའི་སྟེང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་ལག་རྡང་སྦྲེལ་ཏེ་བྱིས་པའི་སེམས་སུ་དྲོད་ཁོལ་སྐྱེལ་ཞེས་པའི་ཨ་ཧྥེ་རི་ཁ་གླིང་གི་བྱིས་པ་དྭ་ཕྲུག་གི་བདེ་ཐང་ལ་སེམས་ཁུར་བྱེད་པའི་བྱ་འགུལ་སྤེལ་བར་གྲོས་འགོ་བཏོན། ཀྲུང་གོར་སྡོད་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་དང་འབྲེལ་ཡོད་རྒྱལ་ཁབ་སྨན་བཅོས་རུ་ཁག་ས་དེའི་དྭ་ཕྲུག་ཁང་དང་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་བྱིས་པ་ཚོར་འཚམས་འདྲི་བྱས་ལ། བདེ་ཐང་ལུས་ཕུང་བརྟག་དཔྱད་དང་། བརྩེ་སེམས་སྐྱེས་འབུལ་སོགས་ཀྱི་བྱ་འགུལ་སྤེལ། 

ཕིན་ལིས་ཡོན་གྱིས་གྲོས་འགོ་འདོན་སྐབས་བསྟན་དོན། ཀྲུང་གོ་ནི་ཨ་ཧྥེ་རི་ཁ་གླིང་གི་དུས་གཏན་གྱི་གྲོགས་པོ་ཡིན་ལ། བློས་ཐུབ་ཀྱི་སྤུན་ཟླ་ཡིན། ད་ལོ་ནི་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་གླིང་དུ་སྨན་བཅོས་རུ་ཁག་མངགས་ནས་ལོ་འཁོར་དྲུག་བཅུ་འགོར་བའི་ལོ་རེད། ཀྲུང་གོ་སྨན་བཅོས་རུ་ཁག་གིས་ཧུར་ཐག་གིས་ཨ་ཧྥེ་རི་ཁ་གླིང་གི་མང་ཚོགས་ལ་རོགས་རམ་འདོན་སྤྲོད་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་མཛའ་བརྩེ་ཡི་གོས་དཀར་ཕོ་ཉ་རུ་གྱུར་ཡོད། ཨ་ཧྥེ་རི་ཁ་གླིང་གི་དྭ་ཕྲུག་གི་བདེ་ཐང་ལ་སེམས་ཁུར་བྱེད་པའི་བྱ་འགུལ་དེས་བྱིས་པ་རྣམས་ལ་དྲོད་ཁོལ་དང་སེམས་ཁུར་བརྒྱུད་སྤྲོད་བྱེད་ཐུབ་ཅིང་། ཨ་ཧྥེ་རི་ཁ་གླིང་གི་བྱིས་པའི་བདེ་ཐང་ཇེ་ལེགས་སུ་སོང་ནས། དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་སྐལ་ཐུན་མོང་ཚོགས་པར་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས། 

ཨ་ཧྥེ་རི་ཁ་གླིང་གི་ལྕམ་མོ་དང་པོ་འཕེལ་རྒྱས་མཉམ་འབྲེལ་ཚོགས་པའི་རེས་འཁོར་ཀྲུའུ་ཞི། ཙུང་ཐུང་ནཱ་སྨི་པི་ཡ་ཡི་ལྕམ་མོ་ཀིན་ཀི་ཟི་དང་མཉམ་འབྲེལ་ཚོགས་པའི་ཁོངས་མི་ཚོས་ཚུར་སྣང་དྲག་པོ་བྱུང་ནས། ཕིན་ལི་ཡོན་གྱིས་དུས་ཡུན་རིང་བོར་ཨ་ཧྥེ་རི་ཁ་གླིང་གི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཚད་མཐོ་བའི་བསྟོད་བསྔགས་བྱས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་པོའི་ཙུང་ཐུང་དང་ཙུང་ཐུང་གི་ལྕམ་མོ། མཐོ་རིམ་དཔོན་རིགས་སོགས་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཡོད་ཅིང་། ཡུལ་དངོས་ལ་མཁའ་དབུགས་ཀྱི་ཚ་རླབས་འཕྱུར་ཞིང་མི་སེམས་རབ་ཏུ་འགུལ་བའི་ངང་ཚུལ་ཞིག་གྲུབ་སོང་། ཚང་མང་ལང་ལོང་གིས་བསྟན་དོན། ཕན་ཚུན་ཆ་རྒྱུས་ཆེ་ན་ཉེ་རིང་མེད། ཀྲུང་གོ་རང་གི་ཁྱིམ་མཚེས་ངོ་མ་ལས་ཀྱང་ལྷག ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཨ་ཧྥེ་རི་ཁ་གླིང་ལ་བླ་མེད་ཀྱི་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཛའ་བརྩེ་ཡི་ལེའུ་གསར་བ་བྲིས་ཏེ། ལག་རྡང་སྦྲེལ་ནས་མཉམ་དུ་མཛེས་སྡུག་གི་མ་འོངས་པ་སྐྲུན་དགོས་ཟེར། སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།