མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཞུང་ལུགས་སློབ་སྦྱོང་ཆེད་དོན་འཆད་ཁྲིད་བསྡུས།
2023.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དྲུག་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཞུང་ལུགས་སློབ་སྦྱོང་ཆེད་དོན་འཆད་ཁྲིད་བསྡུས་ནས། ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་གི་མགོ་གཙོ། ཞིང་འཇུག་མི་སྣ་ཝུའུ་ཀྲི་ཅན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་དམིགས་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཟུར་ཁྲིད་སྙན་ཞུའི་ཁྲོད། ཝུའུ་ཀྲི་ཅན་གྱིས་ཚྭ་མཚོ་ཚན་རྩལ་གསར་གཏོད་དང་ཚྭ་མཚོ་ཐོན་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཉམས་མྱོང་དང་། འཛམ་གླིང་རིམ་པའི་ཚྭ་འགྱུར་ཐོན་ལས་རྟེན་གཞིའི་ཚད་གཞི་མ་ལག་འཛུགས་པ། ཐོན་ཁུངས་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ། ཐོན་ལས་འགོ་ཁུངས་ཀྱི་ཚན་རྩལ་འདེགས་སྐྱོར་ནུས་པ། འཛམ་གླིང་རིམ་པའི་ཚྭ་འགྱུར་ཐོན་ལས་མ་ལག་ལ་སྐུལ་འདེད་གཏོང་བ། ཚྭ་འགྱུར་ཐོན་ལས་དང་སྐྱེ་ཁམས་གནས་སྐོར་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་འགྲེལ་ཀློག་ཟུར་ཁྲིད་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་གསར་སྐྲུན་བྱེད་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་གལ་ཆེན་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་གསར་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། སློབ་སྦྱོང་ཟབ་མོ་བྱེད་པ་དང་བསམ་གཞིགས་ཟབ་མོ་གཏོང་བ། སློབ་སྦྱོང་བྱེད་པར་བརྟེན་ནས་བྱ་བ་སྒྲུབ་པར་སྐུལ་འདེད་བཏང་སྟེ། ཚྭ་མཚོའི་རྟེན་གཞི་ཚད་གཞི་མཐོ་བའི་ངང་འཛུགས་སྐྲུན་བྱེད་པ་དང་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སློབ་སྦྱོང་བྱེད་པར་བརྟེན་ནས་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བའི་ཁྲོད་ཚན་ལྡན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་རིམ་པའི་རེ་བ་ཚད་གཞིར་འཛིན་པ། སྣེ་ཁྲིད་རང་བཞིན་དང་ཚན་རིག་རང་བཞིན།མཉམ་ལས་རང་བཞིན་འབུར་དུ་ཐོན་པར་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤན་ཤུགས་ནུས་པ་མཐོར་འདེགས་གཏོང་དགོས། སློབ་སྦྱོང་བྱེད་པར་བརྟེན་ནས་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བའི་ཁྲོད་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་། བར་སྟོང་གི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། མུ་ཐག་ཁ་གསབ་དང་རྒྱུན་བསྲིང་བ་འབུར་དུ་ཐོན་པར་བྱེད་། འདུ་ཚོགས་འཛུགས་སྐྲུན་བྱེད་པ། ཅཱ་ཡི་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ་སྣེ་ཁྲིད་དུ་བྱས་པའི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་ལས་མ་ལག་བཙུགས་ཏེ། འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་བཟོ་སྐྲུན་བྱེད་དགོས། སློབ་སྦྱོང་བྱེད་པར་བརྟེན་ནས་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བའི་ཁྲོད་ཚོང་རའི་གཙོ་གཞི་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། ཁེ་ལས་ཀྱི་སྐས་རིམ་སྐྱེད་སྲིང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། ཚོང་འགུག་བྱེད་ཤུགས་ཆེར་བཏང་ནས། ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། སློབ་སྦྱོང་བྱེད་པར་བརྟེན་ནས་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བའི་ཁྲོད་གནད་འགག་ལག་རྩལ་གྱི་འགག་གཏོར་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་གསར་གཏོད་ཀྱི་སྟེགས་བུ་བཙུགས་ཏེ། ཚན་རྩལ་གསར་གཏོད་ཀྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཐད་ནུས་པ་འདོན་དགོས། སློབ་སྦྱོང་བྱེད་པར་བརྟེན་ནས་བྱ་བ་སྒྲུབ་པའི་ཁྲོད་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ་དང་། གཙོ་གནད་ཐོན་ལས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་དེ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།