ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།
2023.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཟླ་དྲུག་པའི་ཚེས་གཉིས་ཉིན་གྲོལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ང་བདུན་གྲོས་ཚོགས་ལ་ཞུགས་པ་དང་། ཁྲིམས་བཅད་ཀྱི་མི་གྲངས་དང་འཚམ། ཝང་ལིས་མེན་གྱིས་གྲོས་ཚོགས་མཇུག་བསྡུ་བའི་མཛད་སྒོར་མགོ་འཛིན་བྱས།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཟི་ལིང་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་སྲོལ་ཡིག་བཟོ་བཅོས་བྱེད་པར་ཆོག་མཆན་བཀོད་པའི་གྲོས་ཆོད། ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་རིམས་འགོག་དོ་དམ་སྲོལ་ཡིག་མེད་པར་གཏོང་བར་ཆོག་མཆན་བཀོད་པའི་གྲོས་ཆོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲོག་ཆགས་རིམས་འགོག་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་གྲོས་ཆོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐད་བརྡ་དང་ཡི་གེའི་བྱ་བའི་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་གྲོས་ཆོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཀོལ་ཐེངས་གཅིག་ཅན་གྱི་འགྱིག་ཤོག་ཐོན་རྫས་བཀོལ་མི་ཆོག་པའི་དོ་དམ་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་གྲོས་ཆོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ལོ་ཚད་བཅོས་བསྒྱུར་བྱེད་པའི་གཏན་འཁེལ་ལག་བསྟར་བྱེད་པར་ཆོག་མཆན་བཀོད་པའི་གྲོས་ཆོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ལོ་ཚད་བཅོས་བསྒྱུར་བྱེད་པའི་གཏན་འཁེལ་ལག་བསྟར་བྱེད་པར་ཆོག་མཆན་བཀོད་པའི་གྲོས་ཆོད། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ལོ་ཚད་བཅོས་བསྒྱུར་བྱེད་པའི་གཏན་འཁེལ་ལག་བསྟར་བྱེད་པར་ཆོག་མཆན་བཀོད་པའི་གྲོས་ཆོད། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉིས་སྟོང་ཉེར་གསུམ་ལོའི་ས་གནས་སྲིད་གཞུང་དངུལ་འཛིན་འགྲེམ་སྤེལ་བྱེད་པ་དང་ཡོང་འབབ་དང་འགྲོ་སོང་སྔོན་རྩིས་ལ་ལེགས་སྒྲིག་འོས་འཚམ་བྱེད་པའི་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་པའི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ལ་ལའི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་འབྲེལ་ཡོད་མི་དོན་བྱ་བར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཝང་ལིན་ཧུའུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བསྐོ་འཇོག་བྱེད་རྒྱུ་ཐག་བཅད།

གྲོས་ཚོགས་ནས་གསར་ཏུ་བསྐོ་འཇོག་བྱས་པའི་འབྲེལ་ཡོད་བློ་མཐུན་ལ་བསྐོ་འཇོག་ཡི་གེ་བྱིན།

གྲོས་ཚོགས་ནས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

ཚོགས་ཐོག་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཅིག་བསྡུས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་གསོའི་རྩ་གནད་ལ་སློབ་སྦྱོང་བྱས།

ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲོན་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཁྲ་ཆིན་ཅིག་སོགས་གྲོས་ཚོགས་ལ་ཟུར་དུ་ཞུགས།

གྲོས་ཚོགས་གྲོལ་རྗེས་གནས་དེ་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་འཁྲིད་དང་པོ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གནད་བསྡུས་འཆད་འཁྲིད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།