ཟླ་དྲུག་པའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་སྤེལ་སྐབས་འཚམས་འདྲི་ཆེན་པོ་དང་བརྟག་དཔྱད་ཆེན་པོ། ལེབ་བཤེར་ཆེན་པོ། མཁྲེགས་གཏོར་ཆེན་པོ་སྤེལ་བའི་བཀོད་སྒྲིག་རེ་བ་ལྟར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་སོང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། རྟོག་ཞིབ་བྱེད་སྐབས། བཞུགས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཤུགས་སྣོན་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་མཛུབ་སྟོན་གྲོས་གཞི་བཏོན། ཡུལ་དངོས་ནས་བོད་རིག་པའི་སློབ་གླིང་དང་། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་ཡིག་ཚགས་དཔྱད་གཞི་ཁང་། དཔེ་མཛོད་ཁང་གི་གནའ་དཔེ་ཁང་བཅས་ལ་ལྟ་ཞིབ་བྱས་ལ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་ཁྲོད་ཀྱི་གསར་གཏོད་ལག་ལེན་དང་གནའ་དཔེ་སྲུང་སྐྱོབ་ཕྱོགས་ནས་འབད་འཐབ་བྱས་པར་གདེང་འཇོག་མཐོན་པོ་བྱས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་མི་རིགས་སློབ་ཆེན་བཙུགས་པའི་ཚུན་དུ། སློབ་སྒྲུབ་ཁ་ཕྱོགས་ཡང་དག་ནམ་ཡང་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་སློབ་གསོ་བྱ་བ་དང་མི་རིགས་བྱ་བའི་འགན་འཁྲི་ཕྲག་ཏུ་བླངས་ལ། ལྷག་པར་དུ་ཏང་གི་མི་རིགས་སྲིད་ཇུས་གཞུང་ལུགས་ལག་བསྟར་བྱེད་རྒྱུ་དེ་དཔེ་ཁྲིད་མི་སྐྱོང་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ལས་འགན་དུ་བརྩིས་ནས། སྟོབས་ཤུགས་བཏོན་པ་དང་འབད་འཐབ་བྱས་ཏེ། སློབ་ཚན་འཛུགས་སྐྲུན་དང་གཞུང་ལུགས་ཞིབ་འཇུག་སོགས་ཕྱོགས་ནས་གྲུབ་འབྲས་གལ་ཆེན་མང་པོ་བླངས་ལ། མཚོ་སྔོན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གལ་ཆེན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་ཐད་ཀྱི་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། ཐེངས་འདིའི་བརྗོད་དོན་སློབ་གསོའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་མཚོན་སྡེ་ཁག་གསར་སྐྲུན་བྱེད་རྒྱུ་སྣེ་ཁྲིད་དུ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཡོད་པའི་བྱང་ཚད་མཐོ་བའི་འཇོན་མི་སྐྱེད་སྲིང་བཟོ་སྐྲུན་དང་། ཏང་གི་མི་རིགས་ཆོས་ལུགས་གཞུང་ལུགས་དང་ཆབ་སྲིད་ཀྱི་ཆུ་ཚད་མཐོ་བའི་ཞིབ་འཇུག་བཟོ་སྐྲུན། མི་རིགས་ས་ཁུལ་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཀྱི་ཡུན་བརྟན་རོགས་འདེགས་བཟོ་སྐྲུན། ཏང་གི་མི་རིགས་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱེད་པའི་རིམ་པ་མཐོ་བའི་འགྲེམ་སྟོན་བཟོ་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་དབང་བསམ་པའི་ཁྱིམ་གཞིའི་སྤུས་མཐོ་དཔེ་གཞི་འཛུགས་སྐྲུན་བཟོ་སྐྲུན་བཅས་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ལ། དེར་མདུན་བལྟ་རང་བཞིན་དང་ཁ་གཏད་རང་བཞིན་ཆེན་པོ་ལྡན།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ནི་རང་ཞིང་གི་བརྗོད་དོན་སློབ་གསོའི་ལག་ལེན་གྱི་འདྲེན་བྱེད་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གྲྭ་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་ལ་དམ་དུ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་སྤེལ་བ་དང་། སྔོན་དུ་སློབ་ཚན་འཛུགས་སྐྲུན་དང་འཇོན་མི་སྐྱེད་སྲིང་བྱ་བར་འཆར་འགོད་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་སོགས་བརྗོད་བྱ་གལ་ཆེན་གཙིགས་སུ་འཛིན་པ་དང་། ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་གླིང་གི་འཇོན་མིའི་ཐོན་ཁུངས་ཀྱི་དགེ་མཚན་ལ་རྒྱབ་བརྟེན་ནས་མཉམ་འབྲེལ་སྒོས་སློབ་སྒྲུབ་བྱེད་པར་ཤུགས་བསྣན་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གསར་པ་དང་གྲུབ་འབྲས་གསར་པ་མངོན་པར་བྱེད་དགོས། བདེན་འཚོལ་དངོས་གཉེར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཅན་དང་མང་ཚོགས་ཅན། མི་གཞུང་ཅན། ཚོང་ར་ཅན་དུ་བསྒྱུར་བ་དམིགས་འབེན་དུ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཕན་ལྡན་ལམ་བུ་འཚོལ་ཞིབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཐད་ནས་སྔར་ལས་གསོན་ཉམས་ལྡན་པ་དང་སྔར་ལས་མི་སེམས་སུ་ཐིམ་པར་སྐུལ་འདེད་གཏོང་དགོས།
ལིའུ་ཏ་ཡེ་རྟོག་ཞིབ་ལ་ཞུགས།