ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཞིང་ཆེན་སྲིད་གཞུང་ཁོངས་གཏོགས་སྡེ་ཁག་སོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཐུན་མོང་གི་གླེང་མོལ་བྱས།
2023.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དྲུག་པའི་ཚེས་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་ཞིང་ཆེན་སྲིད་གཞུང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་ཁོངས་གཏོགས་སྡེ་ཁག ཐད་གཏོགས་ལས་ཁུངས། མངག་གཏོང་ལས་ཁུངས། འབྲེལ་ཡོད་མང་ཚོགས་ཚོགས་པ་བཅས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་། མཐོ་རིམ་སློབ་གླིང་དང་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་ཏང་ཙུའུ་ཧྲུའུ་ཅི་བཅས་དང་མཉམ་དུ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་སྐོར་གྱི་དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་གི་བཀོད་སྒྲིག་རེ་བ་ལག་བསྟར་བྱེད་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་སྔར་ལས་བཟང་བོ་བྱེད་པར་དམིགས་ནས། ཐུན་མོང་གི་གླེང་མོལ་བྱས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མགོ་ཁྲིད་དེ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ལ་ནམ་ཡང་བློ་དཀར་བར་བྱེད་པ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་རྒྱུ་དེ་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲི་རུ་བརྩི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་བཅོས་སྐྱོང་ནན་མོ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོ་སྤེལ་བའི་ལག་ལེན་གྱི་འདྲེན་བྱེད་གལ་ཆེན་དུ་བརྩིས་ནས། དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ། དཔེ་གཞི་དངོས་ཀྱི་སྟེང་ནས་ཉེན་བརྡ་གཏོང་བ་དང་གསལ་འདེབས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་དགོས། མགོ་ཁྲིད་དེ་རང་འགན་བྱ་བ་བཟང་བོར་བསྒྲུབ་པ་དང་ལས་རྐང་བརྟན་སྲུང་བྱེད་པ་དང་། ནམ་ཡང་གུས་སྐྲག་གི་བསམ་པ་འཛིན་པ། དབང་ཆ་ནི་ཏང་དང་མི་དམངས་ཀྱིས་བསྩལ་བར་ངོས་འཛིན་ཟབ་མོ་བྱེད་པ། ཏང་དང་མི་དམངས་དང་ལས་རྐང་། མི་ཚེ་ལ་གུས་ཤིང་སྐྲག་པའི་སེམས་པ་བཅངས་ནས། རང་སྐྱོན་ཞིབ་བཤེར་བྱེད་པ་དང་བསླབ་བྱ་ལེན་པ། འགན་སྒྲུབ་ནན་མོ་བྱེད་པ་དང་ཁག་ཁུར་འབད་འཐབ་བྱེད་དགོས། མགོ་ཁྲིད་དེ་དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ནམ་ཡང་ཕྲག་ཏུ་ཁུར་བ། ཏང་འཛུགས་དམ་འཛིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་གྲུབ་འབྲས་ཆེས་ཆེན་པོར་བརྩི་བ། དུས་ནམ་ཡང་ཡིད་ལ་འཛིན་པ་དང་ལག་ཏུ་བསྟར་ནས། འགན་འཁྲི་ཕྲག་ཏུ་ལེན་པ་དང་ཁོངས་གཏོགས་ལ་དོ་དམ་ནན་མོ་བྱེད་པ། མགོ་ཁྲིད་དེ་འཐབ་རྩོད་བྱེད་ཕོད་པར་བྱེད་པ་དང་། སྙིང་སྟོབས་ཆེན་པོ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གི་གཏན་ཁེལ་བརྒྱུད་དང་དེའི་ལག་བསྟར་རྩ་གནད་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་སྒོས་ལག་བསྟར་བྱེད་པ། སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ། བརྟག་དཔྱད་ཞིབ་འཇུག་སྤེལ་བ། ཕན་ནུས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། མགོ་ཁྲིད་དེ་དག་གཙང་སྲིད་ཞུགས་བྱེད་པ་དང་། རང་གཅུན་ནན་མོ་བྱེད་པ། འབྲེལ་འདྲིས་འགྲོ་འོང་གི་རྩ་དོན་དང་ཚད་གཞི། སྒྲིག་ལམ་ཁོང་དུ་ཆུད་པར་བྱེད་པ། དཔོན་པོ་དང་མི་བཟང་བོ་ཞིག་བྱེད་པའི་ཀུན་སྤྱོད་ཀྱི་ཚད་གཞི་བརྟན་སྲུང་བྱེད་པ། སྤྱི་དམངས་ཀྱི་ཆེད་དུ་སྤྱི་དབང་སྤྱོད་པའི་ངོ་བོའི་བླང་བྱ་བརྟན་སྲུང་བྱེད་པ། ཁྱིམ་སྲོལ་རྒྱུན་སྲིང་བཟང་བོ་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་སྲུང་འཛིན་བྱེད་དགོས།

ཚང་མས་མཐའ་གཅིག་ཏུ། ཐེངས་འདིའི་གླེང་མོལ་གྱིས་བརྗོད་དོན་སློབ་གསོའི་སྐབས་སུ་རྩ་འཛུགས་ཀྱི་འཚོ་བོ་གཟབ་ནན་ཞིག་རོལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་། ནམ་ཡང་ཏང་ལ་བློ་དཀར་བར་བྱེད་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་བ། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ། འགན་སྒྲུབ་ནན་མོ་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བ། དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། བྱ་བ་སྣ་ཚོགས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་བ་འཇོག་རྒྱུའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།