རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཨོ་ལི་སཱ་མངའ་སྡེ་རུ་མེ་འཁོར་ལྕགས་ལམ་ལས་བརྒལ་ནས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་ཐེབས་པའི་ཐད་ནས་སོ་སོར་རྒྱ་གར་གྱི་ཙུང་ཐུང་མུའུ་ཨར་མུའུ་དང་ཙུང་ལི་མའོ་ཏིས་ལ་འཚམས་འདྲིའི་གློག་འཕྲིན་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་རྒྱལ་ཁབ་ཀྱི་ཨོ་ལི་སཱ་མངའ་སྡེ་རུ་མེ་འཁོར་ལྕགས་ལམ་ལས་བརྒལ་ནས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་ཐེབས་པ་ཐོས་འཕྲལ། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ། འདས་པོར་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་དང་རྨས་མར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ལ། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཀྱང་མའོ་ཏིས་ལ་འཚམས་འདྲིའི་གློག་འཕྲིན་བསྐུར།
བསོད་ནམས་ཚེ་རིང་གིས་བསྒྱུར།