རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མགྱོགས་མྱུར་ངང་སྤེལ་བ་དང་། བཀོད་སྒྲིག་ཞིབ་ཚགས་བྱས་པ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་དཔེ་ཀློག་འཛིན་གྲྭ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་བྱས་པ་བརྒྱུད་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་བཏང་ལ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་དེའི་ནང་དུ་འཇོག་པ་དང་། འགན་འཁྲི་དེའི་ནང་དུ་འཇོག་པ། བྱ་བ་དེའི་ནང་དུ་འཇོག་པ་བཅས་བྱས་པར་མ་ཟད། མི་འདང་སར་ཞིབ་བཤེར་གཏིང་ཟབ་བྱས་ནས་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་བཏང་།
བརྗོད་དོན་སློབ་གསོའི་ཁྲོད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཙུའུ་ཁོངས་མིས་རུ་ཁག་གི་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་ཐེངས་ཉེར་བརྒྱད་སྤེལ་བ་དང་། འབྲེལ་ཡོད་སི་དང་ཅུའུ་ཡིས་བརྟག་དཔྱད་ཞིབ་འཇུག་ཐེངས་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་བྱས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ངང་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཆེད་དོན་རྟོག་ཞིབ་བྱེད་པའི་སྐབས་སུ་འབྲེལ་ཡོད་སི་དང་ཅུའུ་ཞིང་ཆེན་དགུའི་གྲོང་ཁྱེར་བཅུ་དགུ་རུ་བསྐྱོད་དེ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གསུམ་བསྡུས་པ་དང་ཁེ་ལས་བཞི་བཅུ་ལ་དངོས་བཅར་བྱས། ཞིང་ཆེན་ནས་འཕེལ་ཕྱོགས་ཆེན་པོར་བརྟག་དཔྱད་ཞིབ་འཇུག་དང་ཁོང་དུ་ཆུད་པར་བྱེད་པ་དང་། རྫོང་མཁར་དུ་དངོས་སྡོད་ཞིབ་འཇུག་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གཏིང་རིམ་གྱི་འགལ་བར་དབྱེ་ཞིབ་བྱས་ནས། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་གདམ་གསེས་བྱས།
གོ་རིམ་རྗེས་མར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྣེ་ཁྲིད་བྱ་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།