ཟླ་དྲུག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་བོད་ལྗོངས་སུ་སོང་སྟེ་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་ལྷ་ས་ནས་མཚོ་སྔོན་དང་བོད་ལྗོངས་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཡཱན་ཅིན་ཧེ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་སྤྱིའི་གྲོས་མཐུན་སྟེང་མིང་བཀོད།
ཝང་ཅུན་ཀྲིན་གྱིས་བཤད་རྒྱུར། བོད་ལྗོངས་དང་མཚོ་སྔོན་གྱི་རི་ཆུ་འབྲེལ་ཞིང་མི་གཞུང་མཉམ་འབྲེལ་བྱས་ཡོད་ལ། ཁུལ་གནས་འདྲ་ཞིང་གནས་ཚུལ་གཅིག་མཐུན་ཡིན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་འགོག་ར་འཛུགས་སྐྲུན་བྱེད་པ། ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་མཉམ་དུ་འཁུར་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་མཉམ་འཛིན་བྱེད་དགོས་ལ། མདོ་དབུས་མཐོ་སྒང་གི་ཞིང་ཆེན་ཡིན་པའི་མཉམ་འབྲེལ་བྱ་བའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་སྟོན་མཉམ་འཛུགས་བྱེད་པ། མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་གི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཐཱན་སྙོམས་སྦྱོར་དང་ཐཱན་རྩེར་སོན་མཉམ་ལས་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་དར་སྤེལ་བྱེད་པར་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་གྱི་སྟོད་སྨད་རྒྱུད་མགྱོགས་མྱུར་སྒོས་འབྲེལ་མཐུད་བྱེད་པ། ཞིང་ཕྱུགས་ལས་དང་བོད་སྨན། དག་གཙང་ནུས་ཁུངས་སོགས་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཐོན་ཁུངས་མཉམ་སྤྱོད་དང་སྒྲིག་ཆས་མཉམ་སྐྲུན། རྒྱུ་རྐྱེན་མཉམ་བཀོལ། ཐོན་ལས་མཉམ་སྐྱོང་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་གནས་སྐོར་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ལེགས་པའི་རིག་གནས་གནས་སྐོར་ཐོན་ལས་མཉམ་དུ་གསོ་སྐྱོང་བྱེད་པ། ལས་རིགས་བརྒལ་བའི་སྲིད་གཞུང་དང་ས་ཁུལ་གྱི་གནས་སྐོར་ཞབས་ཞུའི་མ་ལག་འཛུགས་པ། གནས་སྐོར་ཐོན་ཁུངས་དང་རིག་གནས་ཐོན་ཁུངས་ཀྱི་སྦས་ཤུགས་སྔོག་འདོན་ཟབ་མོ་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་མ་ལག་ཆགས་པར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་ཆས་ཀྱི་མཉམ་སྦྲེལ་མཉམ་མཐུད་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་མཉམ་སྐྲུན་བྱེད་པ། མདོ་དབུས་མྱུར་སྐྱེལ་ཤར་གཏོང་བྱེད་ས་དང་མདོ་དབུས་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་གློག་རླངས་ཅན་དང་དེ་མིན་ཕྱི་ཕྱོགས་སྒྲིག་ཆས་གློག་ཁུངས་བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱས་ནས། མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་མཐུན་སྦྱོར་སྒོས་སྲུང་སྐྱོབ་བྱེད་པ་དང་། ཡུན་སྐྱོང་བདེ་འགོད་ལ་མཉམ་དུ་སྐུལ་འདེད་གཏོང་བ། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་གཙོ་བོའི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་དང་མཉམ་བཀོལ་བྱེད་པར་ཤུགས་བསྣན་ནས། བརྟན་འཇགས་ལ་སྲུང་སྐྱོབ་དང་བདེ་འཇགས་བཅོས་སྐྱོང་གི་འགོག་སྲུང་ནུས་པ་མཐོར་འདེགས་སུ་གཏོང་དགོས། མི་གཞུང་བརྗེ་རེས་མཉམ་ལས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ལ་དབང་བའི་བསམ་བློའི་ཁྱིམ་གཞི་མཉམ་སྐྲུན་བྱེད་པ། མི་རིགས་སོ་སོས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བའི་འཆར་གཞི་གསུམ་སོགས་ཀྱི་བྱ་འགུལ་གསར་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།
ཁྲིན་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདོ་དབུས་མཐོ་སྒང་ལ་ཇུས་འགོད་གནང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་བཏོན་པ་དང་། དེ་ནི་བོད་ལྗོངས་བྱ་བའི་བསྲུང་བྱ་ཡིན་པ་དང་མཚོ་སྔོན་བྱ་བའི་བསྲུང་བྱ་ཡང་ཡིན། བོད་ལྗོངས་དང་མཚོ་སྔོན་ནི་ཡངས་པའི་མཐོ་སྒང་དུ་གནས་ཡོད་པ་དང་། མཉམ་དུ་མདོ་དབུས་མཐོ་སྒང་གི་གཙོ་གཞི་གྲུབ་ཡོད་པ་དང་མཉམ་དུ་སའི་གོ་ལའི་སྣེ་གསུམ་གྱི་ལྟེ་བའི་ས་ཁོངས་གྲུབ་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་ལས་འགན་གལ་ཆེན་མཉམ་དུ་འཁུར་ཡོད་པས། ཕན་ཚུན་འབྲལ་ཐབས་མེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེན་ཇུས་གཞི་བཀོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྐུལ་སློང་བཀའ་རྒྱ་བསྒྲགས་པས། ཕྱོགས་གཉིས་ཀྱིས་སྔར་ཡོད་ཀྱི་རྨང་གཞི་དང་མགོ་ཚུགས་ས་གསར་བའི་སྟེང་སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་རོགས་ལས་བྱེད་པར་ཤུགས་བསྣན་ཏེ། ཧུར་ཐག་སྒོས་སྒྲིག་སྲོལ་རྐྱེན་སྲོལ་དང་ཕྱོགས་བསྡུས་ཚན་ཞིབ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་སུ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མཉམ་དུ་གསར་སྐྲུན་དང་འཛུགས་སྐྲུན་བཟང་བོ་བྱས་ནས། མདོ་དབུས་མཐོ་སྒང་གི་ཧ་ཅང་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་འགོག་ར་འདི་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། མི་རིགས་སོ་སོས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཟང་བོ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་པ། རྒྱལ་ཁོངས་བདེ་འཇགས་ཀྱི་འཕྲལ་བསྟུན་འགན་སྲུང་རོགས་ལས་ནུས་པ་ནུས་ལྡན་སྒོས་མཐོར་འདེགས་སུ་གཏོང་བ། མཉམ་དུ་འབད་བརྩོན་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་འཇགས་དང་ཡུན་རིང་བརྟན་འཇགས། ཕྱོགས་ཡོངས་བརྟན་འཇགས་བཅས་ཡོང་བ་མངོན་འགྱུར་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཙོར་བཟུང་སྟེ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གོ་རིམ་ལྡན་པར་འཆར་གཞི་འགོད་པ། ལག་རྡང་སྦྲེལ་ཏེ་མཉམ་ལས་བྱས་ནས་རྨང་གཞིའི་སྒྲིག་ཆས་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ཁུལ་ཁོངས་མཉམ་སྦྲེལ་མཉམ་མཐུད་བྱེད་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ནས་གཉིས་ཕན་མཉམ་རྒྱལ་བྱེད་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དང་དག་གཙང་ནུས་ཁུངས། སྐྱེ་ཁམས་ཡུལ་སྐོར་སོགས་ཁྱད་སྟོབས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། རྒྱུན་མཐུད་སྒོས་ས་ཁུལ་གཉིས་འཆམ་མཐུན་བརྟན་འཇགས་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་ཁོར་ཡུག་བཟང་བོ་བསྐྲུན་ནས། ལག་རྡང་སྦྲེལ་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་པར་འབད་པས་བསྐྱོད་དགོས།
བོད་ལྗོངས་སུ་ཡོད་སྐབས། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་ལྷོ་བྱང་རི་བོའི་ལྗང་སྒྱུར་གནས་ཚུལ་ལ་རྟོག་ཞིབ་བྱས།
བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་པ་ཁྲིན་ཡུང་ཆི་དང་ལིའུ་ཅང་། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་དབྱང་ཧྥ་སིན་དང་ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།