ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་མགོ་འཛིན་མཛད་དེ་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
2023.06.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 22

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་སྔོན་ནང་སོག་རང་སྐྱོང་ལྗོངས་ཀྱི་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པར་མ་ཟད། མགོ་འཛིན་མཛད་དེ་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། འགན་འཁྲི་ཁུར་དུ་ལེན་པ་དང་དཀའ་སྡུག་ལ་མི་འཛེམ་པར། ཧུར་ཐག་སྒོས་དུས་རབས་གསར་པའི་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ཁྱད་མཚར་གསར་བ་གསར་དུ་གཏོད་པ་དང་། མེས་རྒྱལ་གྱི་བྱང་མཐའི་སྤྱི་ལེ་ཁྲི་ཡི་ལྗང་མདོག་གི་འགོག་ར་སྲ་བརྟན་དུ་བྱས་ཏེ། མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་བསྟན་དོན། ཇུས་གཞི་ཆེན་པོ་ཞིག་འབྲི་བཞེངས་བྱས་ཤིང་། གཅིག་རྗེས་གཉིས་མཐུད་ཀྱིས་འབད་བརྩོན་ལྷོད་མེད་ཀྱིས་བྱང་གསུམ་སོགས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དངོས་གཉེར་ཁག་ཁུར་གྱིས་ལྗང་མདོག་ཁྱད་མཚར་གསར་བ་བསྐྲུན་དགོས་ཟེར།

རྨ་ཆུའི་དཀྱོགས་མཚམས་ཆེན་མོའི་ཡང་སྟེང་དུ་གནས་པའི་ཝུའུ་ལིང་སོ་མཚོ་ནི་རྨ་ཆུའི་བཞུར་བརྒྱུད་ཀྱི་ཆེས་ཆེ་བའི་མཚེའུའི་བརླན་ས་ཡིན་པ་དང་། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་ཀྱི་ས་ཚིགས་དང་པོ་གནས་དེ་བྱས་ཡོད་ལ། ལས་བྱེད་པ་དང་མང་ཚོགས་ཀྱིས་བྱང་མཐའི་མུ་ཏིག་དེར་སྲུང་སྐྱོབ་གང་ལེགས་བྱས་ནས། བུ་རབས་ཚ་རྒྱུད་ལ་རི་སྔོ་བ་དང་། ཆུ་དྭངས་པ། མཁའ་དབུགས་གཙང་བའི་མཛེས་སྡུག་གི་ཁྱིམ་གཞིས་ཤིག་འཇོག་དགོས་པའི་སྐུལ་མ་བཏང་།

ཝུའུ་ལིང་སོ་མཚོ་མོའི་ལྷོ་འགྲམ་གྱི་དེང་རབས་ཞིང་ལས་དཔེ་སྟོན་ར་བ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞིང་ཁར་ཕེབས་ནས་གྲོ་དང་སི་པན་གྱི་སྐྱེ་སྟོབས་ལ་ཞིབ་ཏུ་གཟིགས་པ་དང་། ཡུལ་དངོས་ཀྱི་ཞིང་ལས་ལག་རྩལ་མི་སྣར་བརྗེ་རེས་མཛད།  སྤྱི་ཁྱབ་ཧྲུའུ་ཅི་ཡིས་བསྟན་དོན། དཔེ་སྟོན་ར་བས་དེང་རབས་ཅན་གྱི་ཞིང་ལས་ཁྱབ་གདལ་དུ་གཏོང་བའི་ཐད་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་ཆགས་པར་བྱེད་དགོས་པར་བསྟན།

ཞི་ཅིན་ཕིང་ལིན་ཧི་ས་ཁུལ་གྱི་རྒྱལ་གཉེར་ཞིན་ཧྭ་ནགས་རར་ཕེབས་ཏེ། བྱེ་ཐང་བཅོས་སྐྱོང་བྱེད་པར་རྟོག་ཞིབ་མཛད། ནགས་ར་དེས1978ལོ་ནས་བཟུང་། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་བྱས་པའི་ཚུན་ལ། རིམ་བསགས་ཀྱིས་ས་མུའུ་ཁྲི་གསུམ་དང་སྟོང་དགུ་ལ་སྡོང་འཛུགས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་ཧ་ཅང་ཉམ་ཞན་ཡིན་ལ། བྱེ་འགོག་བཅོས་སྐྱོང་ནི་དུས་ཡུན་རིང་བོའི་ལོ་རྒྱུས་ལས་འགན་ཡིན་པས། ང་ཚོས་ངེས་པར་དུ་བྱ་བ་དེ་དམ་འཛིན་བྱས་ནས་ང་ཚོའི་མེས་པོ་དང་རྗེས་རབས་པར་ངོ་གནོང་མི་དགོས་པར་བྱེད་དགོས་པར་བསྟན།

གཙང་ཁུགས་ཆུ་གཏོང་ཁུལ་ནི་རང་རྒྱལ་གྱི་ཆུ་གཏོང་ཁུལ་ཆེན་མོ་གསུམ་གྱི་ཡ་གྱལ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་གཙང་ཁུགས་ཆུ་གཏོང་ཁུལ་གྱི་ཆུའི་བཞུར་ཚད་བརྡ་འཕྲིན་ཅན་གྱི་ཚད་འཇལ་ལྟེ་གནས་སུ་ཕེབས་ནས་ཆུའི་ཐོན་ཁུངས་ལྷད་མེད་ནུས་མཐོའི་བེད་སྤྱོད་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན། གཙང་ཁུགས་ས་ཁུལ་གྱི་ཆུ་གཏོང་བཟོ་སྐྲུན་ནི་སྟོང་ལོའི་རྨང་གཞིའི་བྱ་གཞག་ཡིན་པས། མུ་མཐུད་དུ་འཐུས་ཚང་དང་མཐོར་འདེགས་བྱས་ནས་ཚན་རིག་ལྟར་ཆུ་བགོ་སྙོམས་སྒྲིག་ཆུ་ཚད་མཐོར་འདེགས་བྱེད་དགོས་པར་བསྟན།

བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བྱང་གསུམ་བཟོ་སྐྲུན་དེ་བྱེད་ནུས་ཆ་ཚང་བ་དང་།  སྲ་ཞིང་བརྟན་པའི་ཞིན་ཅང་བྱང་རྒྱུད་ཀྱི་ལྗང་མདོག་ལྕགས་རི་རིང་བོ་དང་སྐྱེ་ཁམས་བདེ་འཇགས་འགོག་ར་རུ་འཛུགས་སྐྲུན་བྱེད་དགོས། རི་ཆུ་ནགས་ཞིང་དང་མཚེའུ།  རྩྭ་ས། བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་ནས། ཤུགས་ཆེན་པོས་མཚོན་རྟགས་རང་བཞིན་ལྡན་པའི་བྱ་གཞག་ཆེན་པོ་གསུམ་གསར་འཛུགས་བྱེད་པ། དེ་ནས་ཕྱོགས་ཡོངས་ནས་ཐང་རྒོད་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོར་འདེགས་བྱེད་པའི་བར་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཡར་བརྩོན་སྐུལ་སྤེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།