པེ་ཅིང་གིས་སློབ་སྦྱོང་དང་བརྟག་དཔྱད་ཟུང་སྦྲེལ་དམ་པོ་བྱས།
2023.06.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ལ་གནང་བའི་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལྟར་རྒྱལ་ས་གང་འདྲ་ཞིག་བསྐྲུན་རྒྱུ་དང་རྒྱལ་ས་ཇི་ལྟར་བསྐྲུན་རྒྱུར་དམིགས་ནས་རྟོག་ཞིབ་བྱས་ཤིང་། རྒྱལ་སའི་ནུས་པ་ཆེ་རུ་བཏང་བ་དང་། གྲོང་ཁྱེར་ཧ་ཅང་ཆེན་པོའི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

པེ་ཅིང་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་སའི་བྱ་བའི་ཐད་བཏོན་པའི་བླང་བྱ་ཁག་ལ་དམ་པོར་དམིགས་ནས་སློབ་སྦྱོང་དང་བརྟག་དཔྱད་ཟུང་འབྲེལ་དམ་ཟབ་བྱས།

ཅང་མ་འགོར་བའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་དུ་རྟོག་ཞིབ་མཛད་སྐབས་སྤུས་ཚད་མཐོན་པོས་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་བ་འཛུགས་སྐྲུན་བྱེད་དགོས་ཞེས་སླར་ཡང་ནན་གྱིས་གསུངས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་མགོ་ཁྲིད་གཙོ་བོ་ལྟེ་གནས་ཕལ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་འཛུགས་སྐྲུན་བྱེད་ཡུལ་དུ་བསྐྱོད། རྣམ་གྲངས་དེ་ནི་ཨེ་ཤ་ཡའི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་ལྟེ་བ་ཆེ་ཤོས་ཡིན་པ་དང་། དེ་ཀྲུང་དབྱང་གི་མཉམ་ལས་དང་ས་ཁོངས་ཀྱི་མཉམ་ལས་དང་འབྲེལ་བ་ཡོད་པས་ཞིབ་མཆན་དང་འཛུགས་སྐྲུན།གཉེར་སྐྱོང་སོགས་ཀྱི་ཐད་མཉམ་འདྲེས་གསར་གཏོད་བྱེད་དགོས་པ་རེད།

གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས། པེ་ཅིང་གྲོང་ཁྱེར་དུ་གྲོང་ཁྱེར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། གྲོང་ཁྱེར་མགོ་ཁྲིད་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པ། སྡེ་ཁག་སོ་སོས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱེད་པ་བཅས་རིམ་པ་གསུམ་གྱི་བརྟག་དཔྱད་ཞིབ་འཇུག་གི་རྣམ་པ་ཆགས་པ་དང་། གཙོ་གནད་ཞིབ་འཇུག་བྱ་གཞི་སུམ་བརྒྱ་ལྷག་ཁ་གསལ་བཟོས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་སྐབས་འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་གོ་གནས་གལ་ཆེན་དུ་འཇོག་དགོས་ཞེས་གསུངས། མིག་སྔར་པེ་ཅིང་དུ་འཕྲུལ་སྒུལ་རླངས་འཁོར་རིགས་ས་ཡ་བདུན་ལྷག་ཙམ་ཡོད་ལ། ཇི་ལྟར་བྱས་ནས་གྲོང་མི་ཕྱིར་སྐྱོད་པ་སྔར་ལས་བདེ་བླག་དང་སྟབས་བདེ་ཡོང་བར་བྱ་རྒྱུ་དེ་འགྲིམ་འགྲུལ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཨང་དང་པོར་གྱུར་ཡོད།

ཟླ་འདི་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱི་བགྲོད་ལམ་ཁ་ཤས་ཀྱི་སྤྱི་སྤྱོད་རླངས་འཁོར་ཆེད་སྤྱོད་འཁོར་ལམ་དེ་ངལ་གསོའི་ཉིན་དང་བཅའ་ཁྲིམས་གཏན་འཁེལ་ངལ་གསོའི་ཉིན་མོར་སྤྱི་ཚོགས་ལ་སྒོ་ཕྱེ་བ་དང་ཆབས་ཅིག་ལྕགས་ལམ་དང་ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར་བཅས་བར་གྱི་བརྗེ་སྡོད་ཀྱི་བར་ཐག་ཇེ་ཐུང་དུ་བཏང་བས། གྲོང་མི་ས་ཡ་དྲུག་ལྷག་ཙམ་གྱི་སྤྱི་སྤྱོད་རླངས་འཁོར་ལ་བརྟེན་ནས་འགྲོ་འོང་བྱེད་ཚད་སྟབས་བདེ་རུ་བཏང་ཡོད།

ཉེ་བའི་ལོ་ཤས་རིང་། པེ་ཅིང་གྲོང་ཁྱེར་གྱིས་ཞུ་གཏུག་དང་ལེན་བྱས་ཚེ་འཕྲལ་མར་སྒྲུབ་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་དགོས་མཁོ་ལ་བརྟེན་ནས་གྲོང་ཁྱེར་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་པ་བཏོད་པ་དང་། བརྗོད་དོན་་སློབ་གསོ་མུ་མཐུད་དུ་དམ་འཛིན་བྱེད་ཡུལ་དུ་བྱས་ནས་ཞུ་གཏུག་དང་ལེན་དང་བརྟག་དཔྱད་ཞིབ་འཇུག་ཟུང་སྦྲེལ་བྱས།             ད་ལོར་པེ་ཅིང་གིས་མང་ཚོགས་ལ་བསམ་འཆར་ཆེ་བའི་ཐུན་མོང་རང་བཞིན་གྱི་དཀའ་གནད་བཅོ་བརྒྱད་ཧུར་ཐག་གིས་ཐག་བཅད་དེ། སྡོད་ཁུལ་རྙིང་བ་ཕྱོགས་བསྡུས་བཅོས་སྐྱོང་སོགས་དམངས་ཚིས་བྱ་བ་སོ་གསུམ་ཡག་པོར་སྒྲུབ་རྒྱུ་རེད། གནད་དོན་ཁག་དང་པོའི་གསལ་ཁྲ་སྟོང་གཅིག་དང་བདུན་བརྒྱ་ཞེ་བདུན་བཟོས་ཡོད་པ་དང་། བཅོས་སྐྱོང་བྱེད་ཐབས་དང་ཡོངས་འགྲུབ་དུས་བཀག་གཏན་ཁེལ་གསལ་བོ་བྱས་ཡོད།

ཤ་བོ་གསེར་མཚོས་བསྒྱུར།