ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ།
2023.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་བརྟག་དཔྱད་ཞིབ་འཇུག་དེ་འཆར་འགོད་ཀྱི་རྨང་རྐང་དང་། ལས་སྒྲུབ་ཐབས་ལམ་བྱས་ཏེ། གནད་དོན་ཁྲིད་ཕྱོགས་དང་། དགོས་མཁོའི་ཁྲིད་ཕྱོགས། གྲུབ་འབྲས་ཁྲིད་ཕྱོགས་བཅས་ཤུགས་དྲག་ཏུ་གཏོང་བ་དང་། གནད་དོན་ཡང་དག་བཙལ་བ་དང་། འགག་རྩ་ངོས་ཟིན་པ། བྱེད་ཐབས་གཏན་ཁེལ་བྱེད་པ་བཅས་ལ་རྐང་བཙུགས་ནས། བརྗོད་དོན་སློབ་གསོའི་བརྟག་དཔྱད་གྲུབ་འབྲས་དེ་སྡེ་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་འགྱུར་བར་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཏང་ཨུས་དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ་། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། གཏིང་ཟབ་ཏུ་བསླབས་ནས་གོ་དོན་མཐིལ་རྟོགས་དང་། ཇི་མ་ཇི་བཞིན་དུ་ལག་བསྟར། དངོས་སྒྲུབ་ཁག་ཁུར་བཅས་བྱེད་པར་་རྐང་བཙུགས་ནས། རྒྱུན་ཆད་མེད་པར་སློབ་སྦྱོང་དང་བརྟག་དཔྱད་ཀྱི་གྲུབ་འབྲས་དེ་བྱ་བར་མཛུབ་སྟོན་བྱེད་པ་དང་སྐུལ་འདེད་གཏོང་བའི་དོན་དངོས་གྲུབ་འབྲས་སུ་འགྱུར་བར་བྱས་ཏེ། “དམངས་ཚིས་གཞུང་ལམལ་སྲུང་སྐྱོབ་དང“མཛེས་ལྗོངས་གཞུང་ལམ”གསར་སྐྲུན། “གེགས་མེད་གཞུང་ལམམཉམ་སྐྲུན་བཅས་བྱས།

ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་ཆར་བ་བབས་པས་ཞོད་འགོག་གནས་བབ་ཛ་དྲག་ཆེ། གནས་བབ་དེར་ཁ་གཏད་ནུས་ལྡན་འཇལ་བ་དང་ལས་དོན་ཁག་སོ་སོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱེད་ཆེད། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་གེགས་མེད་སྔོན་ལ་འཇོག་པ་དང་བདེ་འཇགས་རྩ་བར་འཛིན་པ། བདེ་སྣང་རྨང་གཞི་དང་མཛེས་པ་ཚད་གཞི་རུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བྱེད་ཐབས་སོ་སོ་ཤུགས་དྲག་ཏུ་བཏང་བ་དང་། ཞོད་འགོག་ཉེན་སེལ་དང་ལམ་ཁོངས་བཅོས་སྐྱོང་། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་ནན་ཏན་སྒོས་བསྒྲུབས་པ་མ་ཟད། མྱུར་བགྲོད་གཞུང་ལམ་གེགས་མེད་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས། ཞོད་འགོག་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་བཏང་ལ། ཞོད་འགོག་བྱེད་ཐབས་ཇེ་ཞིབ་དང་དངོས་ཟོག་དང་འཕྲུལ་ཆས་གྲབས་གསོག་ལ་འགན་སྲུང་བྱས། གསོ་སྐྱོང་རུ་ཁག་སོ་སོས་དོ་དམ་ཁུལ་གྱི་གཞུང་ལམ་དང་ཟམ་པ། གཟར་ངོས། ལམ་འོག་གི་ཆུ་འདྲེན་དོང་དང་ཁོངས་གཏོགས་སྒྲིག་ཆས་སོགས་ལ་ཕྱོགས་ཡོངས་ཀྱི་ཞིབ་བཤེར་བྱས་ཏེ། ཅིང་བོད་མྱུར་བགྲོད་གཞུང་ལམ་སོགས་གཙོར་བཟུང་ནས་ལམ་ཁོངས་ཀྱི་ཆུ་རྐ་དང་། ཟམ་པ་སོགས་ཀྱི་ཆུ་གཏོང་སྒྲིག་ཆས་གཙང་སེལ་བྱེད་པའི་བྱ་བ་སྤེལ་བ་དང་། གནད་དོན་དུས་ལྟར་ཤེས་རྟོགས་དང་བཅོས་སྐྱོང་འཐུས་ཤོར་མེད་པ་བྱས་ནས། ཞོད་འགོག་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་བ་དང་། ཚད་གཞི་མཐོ་ཞིང་བླང་བྱ་ནན་མོས་ཞོད་འགོག་བདེ་འཇགས་ལམ་ཐིག་བརྟན་པོར་བཟོས།

ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་ཆེད། རིམ་པ་བགར་བ་དང་གཙོ་གནད་འབུར་ཐོན་གྱི་ལམ་ཁོངས་ཁོར་ཡུག་བཅོས་སྐྱོང་ཀྱི་རྐྱེན་སྲོལ་ལག་བསྟར་བྱས་ཏེ། གསོ་སྐྱོང་གཞུང་ལམ་ལ་ཞིབ་བཤེར་དང་གཞུང་ལམ་ཉེན་རྟོག་དང་ཁེ་ལས་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ནས། གནད་དོན་འགོག་རྐྱེན་དུས་ལྟར་ཡོ་བསྲང་བྱས། དཔེ་སྟོན་གཞུང་ལམ་བསྐྲུན་པ་གཙོ་གནད་དུ་བཟུང་སྟེ། རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་དང་ཆེད་དོན་དག་ཐེར་འགུལ་སྐྱོད་སྤེལ་ནས། གནོད་འཚེ་བཅོས་སྒྲིག་དང་ལམ་ངོས་གཙང་སེལ། ལྗང་སྒྱུར་ཉམས་གསོ། དངུལ་བསྡུ་ས་ཚིགས་མཛེས་བཟོ་བྱེད་པ་སོགས་ཀྱི་སྤུས་འདེགས་ལས་གཞི་ཕྱོགས་ཡོངས་ནས་སྤེལ། དུས་མཉམ་དུ། ཡུལ་སྐོར་དུས་ཚིགས་དང་དུས་ཆེན་སྐབས་སུ་རླངས་འཁོར་མང་བའི་ཁྱད་ཆོས་ལ་ཁ་གཏད་ནས། འཕྲལ་བསྟུན་ཐག་གཅོད་སྔོན་ཇུས་འཐུས་ཚང་དུ་བཏང་བ་དང་གཞུང་ལམ་གཅིག་ལ་ཕྱོགས་མང་པོའི་འགོག་སྲུང་བཅོས་སྐྱོང་བྱེད་པའི་ཕན་འབྲས་མཐོ་བའི་མཉམ་འབྲེལ་རྐྱེན་སྲོལ་གྲུབ་པར་སྐུལ་འདེད་བཏང་། མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་རེས་བྱེད་པ་དང་དུས་ཚོད་ཉེར་བཞིའི་ལས་རེས། ཆ་འཕྲིན་སྐྱེལ་བའི་ལམ་ལུགས་སོགས་ལག་བསྟར་ནན་མོ་བྱས།

                                                                                   རིག་འཛིན་སྒྲོལ་མས་བསྒྱུར།