ཚེ་ཆི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིབ་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།
2023.06.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིབ་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་གྲོས་ཚོགས་ཚེས་དགུ་ཉིན་པེ་ཅིང་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚེ་ཆི་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིབ་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཀྱི་འགན་འཁྲི་གསར་བ་ཁུར་དུ་བླངས་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཅན་གྱི་དཔལ་ཡོན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།

ཚེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དེས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། མི་རིགས་བསྐྱར་དར་ལ་དམིགས་ཤིང་། ཀྲུང་ཧྭའི་རིག་གནས་སྲོག་རྩ་རྒྱུན་འཛིན་དང་དེང་རབས་ཅན་གྱི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་རྐང་འཛུགས་པ་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་སུ་གཏོང་བའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་གལ་ཆེན་ཐད་གཏིང་ཟབ་པའི་རྒྱས་བཤད་བྱས་ཡོད་ལ། དེ་ནི་ཀྲུང་ཧྭ་མི་རིགས་དེང་རབས་ཅན་གྱི་དཔལ་ཡོན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་ཡིན་པ་དང་། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད།

རིམ་པ་སོ་སོའི་ཏང་ཨུ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དང་བྱས་ཏེ། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སྣ་ཚོགས་དངོས་འབེབས་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།